e-texts navigator
Collection
Volume
Page
Wylie

35a1 གསུངསས།། རྒྱལ་ཁམསསའ་ཝ་དང་།། རང་གངལ་དངོས་སྤྲུལ།། ག་སུ་ང་བྱས།། མུ་རྫཔ་ས་ནས་སྤྱན་བས།། ཐབ་འ་ཙ་ས་གནས་པར།། འབྲས་པཝ་དང་།། སྨནཔ
35a2 བཅོས་འབྲས་བུ་རྫོགས།། བརྩོན་འབྲས་ཆེན་པོ་བརྟུལ་བ་ཡིན།། ཕྱིར་མེད་རིང་བྱུང་ཡི་སངས་རྒྱས།། བརྩོན་འགྲུས་ཀྱི་ལེཊ། འགྱུར་མེད་རྡོ་རྗེའི་གདན་ལ་འབྱུང་ཞིང་ཟད།། ཕྲ་རགས་དྲི་མ་དག་པས་སངས་རྒྱས་ཕྲལ་མེད་དེ།། རིག་འདྲི་མ་ནང་བྲལ་ཤེས་དབེགས་ལ།
35a3 སྣ་ཡེ་ཤེས་གཞན་སྡང་རྟོག་པ་མེད།། གཟུང་འཛིན་རྟོགས་པ་བདེ་ཆེན་ཆོས་ཀྱི་སྒྲ།། བཟོད་ཆེན་མ་ལུས་འཆང་བ་བརྟན་པ་པོ།། བཟོད་པའི་ལེའུ། དགོངས་པ་བསྒོམ་དུ་མེད་པར་རང་ལྕགས་ཆེན་པོར་གནས།། བསྒོམ་བྱ་སྒྲ་དང་ཡེ་ཤེས་རིག་པའི་ཡེ་ཤེས་ཉིད།། དུས་གསུམ་དུས
35a4 མེད་རང་བཞིན་མཉམ་པ་ཉིད།། སྒོ་ལྔའི་རྟོག་པ་སྐྱེ་གག། འཆར་ཞིང་ནུབ།། སྙིང་པོ་ཟང་ཐལ་ཉིད་དེ་སྐྱེ་འགག་མད།། དུས་གསུམ་འདས་དང་མ་བྱོན་ད་ལྟར་གྱི།། ཐ་སྙད་མིང་ཡང་མི་གནས་འགྱུར་མེད་དེ།། ནམ་མཁའ་གུད་བཅད་མ་ཕུབ་ཟང་ཐལ་ལྟར།། སྤོས་མེད་ཐིག
35a5 ཤེས་རབ་སྒོ་ནས་ཤར།། འོ་མའི་སྙིང་པོ་རྩེ་མར་ཁྱབ་པ་ལྟར།། ནམ་མཁའི་དང་ལ་ཆོས་སྤུས་ཁྱབ་པ་དང་།། གདུལ་བྱ་ལ་སྣང་ཡེ་ཤེས་སྐྲ་དང་ཆས།། དྲི་མོད་ཚུལ་སྣང་བ་རང་བཞིན་མེད།། སླང་སྟོང་དབྱེར་མེད་བདག་ཉིད་ཆེན་པོ་ཡིན།། བསྒོམ་ཞིང་བསྒྲུབ་པ་འཚོས་མིན་ཡེ
35a6 གནས་པ།། ལྡན་གྲུབ་ཉམ་པ་མེད་པའི་བསྒོམ་པ་དེངས།། ཐབས་ཀྱིས་ཁྱེང་རྒོད་པསལ་དུ་མེད་པ་སྟེ།། རང་གིས་མཚན་ཉིད་ཞིབས་བགྲོད་པ་མེད།། རང་བཞིན་དོན་ལ་བྱེད་རྨུགས་མེད་པར་གསལ།། བྱང་རྒོད་བློལ་སྡང་འཚོ་ཀྱི་དབྱིངས།། སེམས་ལས་འདས་པའི་སངས
35a7 རྒྱས་ཀྱང་།། གསལ་འགྲིབ་སྒྲེ་འགག། མེད་པའི་འདོན།། གཡེང་བ་འཕྲོ་འདྲ་མི་གནས་པར།། རྒོད་པ་རགས་པ་བྱིང་བ་ཕྲ་བ་གཉིས།། གདོད་ནས་རྣམ་དག་སངས་རྒྱས་དགོངས་པ་ཡིན།། དེ་བཞིན་པས་ནི་བཅོས་ཤིང་བསྒྲིམ་པ་དང་།། རེག་པའི་རྩ་ལ་སྒང་ཆེད་དུ་འཕྲོ་བ་མད།




iiif viewer powered by OpenSeadragon

34b - 35b

Texts on this page

Gdg005.3 - 'jam dpal dgongs pa 'dus pa gsang sngags chen po'i rgyud