e-texts navigator
Collection
Volume
Page
Wylie

34b1 མཐོང་།། སྤྲུལ་བླངས་པར་མཐོང་བའི་ལམ།། སྒོ་བུར་མ་རིག་མ་བསྒྲིབས་པར།། དེ་ལྟར་གསུམ་ཉིད་ཡེ་ཤེས་ལྔ།། ལྔ་ཉིད་དྲི་མེད་སྒྲ་གསུམ་འདུས།། ཡ་ནས་རྔ་བཞིན་གནས་ལུགས་མཐང་།། དེ་ནི་ཡེ་ཤེས་རས་མཐོང་ལམ།། ད་ལྟར་དོན་མཐོང་འདྲ་འབྲལ་ཆ
34b2 དབང་པོ་རབ་ལ་དགོངས་པ་གསལ།། འབྲིད་ལ་བསྒོམ་པའི་ཐབས་མཆོག་གསལ།། ལྟ་བསྒོམ་སྟོབས་ཀྱི་ཁྱད་པར་གྱིས།། ལྟེ་བའི་གདེངས་གནས་བསྒོམ་ལམ་གནས།། བསྒོམས་པས་དངོས་པོ་དེ་བཞིན་ཉིད།། དེ་ནི་བསྒོམ་པ་ཞེས་བཤད་ན།། དྲི་མེད་སྐུ་དང་ཡེ་ཤེས
34b3 མངོན་འགྱུར་བས།། དེ་ནི་འབྲས་བུ་རང་རྫོགས་ཏེ།། མཐར་ཕྱིན་ལམ་ཏེང་ལོག་གསུམ།། དེས་ནི་བགྲོད་མེད་ལམ་ཆེན་ལྔ།། ནམ་མཁའི་ལམ་ལ་རབ་ཏུ་གནས།། ཞེས་གསུངས་སོ།། འཇམ་དཔལ་དགོངས་པ་འདུས་པ་ལས། གསང་སྔགས་ཀྱི་དོན་ལམ་བསྟན
34b4 པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་སྟོན་པས་འགྱུར་བ་མེད་པའི་ས་བཅུ་བཀའ་སྩལ་པ།། རྡོ་རྗེ་འཛིན་པ་དེས་ཟུང་ཞིག། རང་བཞིན་དག་པའི་ནམ་མཁའ་ལ།། དྲི་མེད་དག་པའི་ཆོས་སྐུ་མཐོང་།། ཡེ་ཤེས་སྒྲིབ་པའི་དྲི་མ་ལ།། གདུལ་བྱ་ལས་སྣང་བདྨ།
34b5 གཉིས་སྡང་།། བར་དུ་ཤེས་རབ་སྐུ་ལྔ་མཐོང་།། མཚན་ཉིད་ལྔ་ལྡན་ཡེ་ཤེས་མཐོང་།། ཁྱད་པར་འཕགས་པའི་དོན་ཆེན་པོ།། རང་ལ་མཐོང་བས་རབ་ཏུ་དགའ།། ཆོས་ཉིད་མཐོང་བས་འབྱུང་བའི་དྲི་མ་མེད།། རིག་པའི་དོན་མཐོང་མཐའ་བ་ནི་དྲི་མ་དང་།། ཤེས་བྱའི་སྒྲ་མཐོང
34b6 ཡང་དང་མཚན་མངག། སྦལ་པའི་སྒྲ་མཐོང་སྟོང་པ་རེག་བྱའི་དྲི་མེད་ཀ། ཡེ་ཤེས་དོན་མཐོང་གློ་བུར་མ་རིག་དག། དོན་རྣམས་ངེས་མཐོང་བློ་ཡི་ཐེ་ཚོམ་བྲལ།། དོན་ཕྱིར་རང་གི་རིག་པ་རང་གྲེས་རེག། ལུས་ཀྱིས་མ་བསྒྲིབས་བཀྲེས་སྒོ་ནས་མཁའ་ལ་འཆར།། ཤར
34b7 ཀྱང་དངོས་པོ་མེད་དེ་སྤོས་མེད་ཐིག་ལེ་འདོན།། ཉམས་ཤར་བ་དང་གོམས་པ་ཀནས་དས། ཚུང་ཁྲིམས་ཆེན་པོ་འཆང་བའི་མཆོག། གོང་ལྟར་སྦྱིན་པ་རྣམ་གཉིས་ཅིང་རྩལ་ཡང་།། དྲི་མེད་སྙིང་པོ་རང་སྣང་མཚན་མ་མེ་དེ།། དྲི་མ་མེད་པས་ཚུལ་ཁྲིམས་མཆོག། ཞེས




iiif viewer powered by OpenSeadragon

34a - 35a

Texts on this page

Gdg005.3 - 'jam dpal dgongs pa 'dus pa gsang sngags chen po'i rgyud