| | e-texts navigator
|
34a1 སེམས་དཔའ་སེམས་མཚོགས་ཀྱི་མེས།། རང་རྫོགས་ལྡན་གྲུབ་དུས་གསུམ་འགྱུར་བ་མེད།། འདུ་འབྲལ་མེད་པའི་ལམ་ཚན་མ་རྟགས་པར།། མཐོ་རས་བགྲོད་པར་ལམ་དེས་ཉོན་མོངས་སྡུག་བསྔལ་འགྱུར།། འགྱུར་མེངས་བཅུར
34a2 རང་རིག་མ་རྟོགས་པར།། རྩོལ་སྤངས་ས་བཅུས་རྩོལ་བསྒྲུབ་མཐར་ལྷུང་སྟེ།། ཨ་ཏི་པྲ་བྲལ་དོན་དང་འགལ་བས་གོལ།། ཕ་རོལ་ཕྱིན་བཅུ་རང་ཤར་མ་རྟོགས་པར།། བྱང་ཆུབ་འདོད་པ་དེ་ལ་བྱང་ཆུབ་ག་ལ་ཡོད།། བདེ་བ་འདོད་པ་དེ་ལ་རྒྱབ་ཀྱིས་ཕྱོགས།
34a3 གནས་སྐབས་བདེ་བས་མི་བསླུ་མཐར་ཟུག་འབྲས་བུ་མེད།། དེ་ཕྱིར་མཐར་ཐག་གསང་སྔགས་ཕ་རོལ་ཕྱིན་པའི་དོན།། ཡེ་ནས་ལྷུན་གྲུབ་རང་རྫོགས་ཆེན་པོ་ཡི།། ཚོགས་གཉིས་ཚོགས་ནི་མཱ་བཙལ་བསགས་པ་པོ།། འཕྲལ་ལ་མ་བསྔགས་ཡེ་བསགས་ཆེན་པོ
34a4 ལ།། སྐུ་གཉིས་ཕྲེར་དང་བར་དུ་སྣང་། བསོད་ནམས་ཚོགས་ཞེས་དེ་ལ་བྱ།། ཆོས་སུ་ཟང་ཐལ་འགྱུར་མེད་ལ།། ཡེ་ཤེས་ཚོགས་ཞེས་དེ་ལ་བྱ།། དེ་ནི་ཚོགས་ལ་མ་ངེས་པ་འདོན།། སྦྱོར་བའི་ལམ་ནི་འདི་ལྟ་སྟེ།། སྐུ་དང་ཡེ་ཤེས་རང་རིག་ཉེད།། གཉིས་སུ་མ
34a5 པའི་དེ་ཉིད་ཡོད།། ཇི་བཞིན་རྟོག་པ་ཕྲ་བ་ཡིས།། རང་ལས་ཤར་ཅིང་རང་ལས་གྲོལ།། སྣང་བ་སུམ་སྦྱོར་དབྱེར་མེད་པས།། མཐོང་ལམ་ཡེ་ཤེས་རྟོགས་པ་ཤར།། རང་བཞིན་དག་པའི་ནམ་མཁའ་ལ།། ཕྲ་རིགས་གཉིས་པོས་མ་བསྒྲིབས་པས།། ཆོས་ཉིད་དག
34a6 གསལ་སྣང་བ་མཐོང་།། སེམས་ཉིད་རང་སྣང་ནམ་མཁའ་ལ།། ཕྲ་རགས་གསུམ་པོས་མི་བེསྒྲིབ་པས།། དྲི་མེད་རིག་པའི་སྙིང་པོ་མཐོང་།། དེ་ཉིད་དབྱེར་མེད་ཟང་ཐལ་ལ།། མཐའ་བཞི་ཕྲ་རགས་དྲི་མ་གསུམ།། མ་བསྒྲིབས་ཆོས་སུ་ཇི་བཞིན་མཐོང་།། དེ་ནི་ཆོས
34a7 མཐོང་བའི་ལམ།། དེ་ཡི་མཚན་ཉིད་སྔར་གྲགས་པ།། དངོས་མཚན་ཡིད་ཀྱིས་མ་བསྒྲིབླ་པས།། རིག་པདག་ལ་མ་འགགས་པར།། ཤེས་རབ་ངོ་བོ་སྐུར་གསལ་མཐོང་།། དེས་ནི་ལོངས་སུ་ངེས་མཐོང་ལམ།། སྟོང་པ་རེག་བྱ་མ་བསྒྲིབས་པར།། གདུལ་བྱ་ལ་སྡང་སྒྲ་ཝ
iiif viewer powered by OpenSeadragon
33b - 34b