| | e-texts navigator
|
33b1 སྦལ་པ།། ལག་ན་རྡོ་རྗེངས་ཟུང་ཞིག། གསང་སྔགས་མཐར་སྦྱིན་ཕ་རོལ་ཕྱིན་པ་བཅུ།། མེ་གནས་ཕྱོགས་ལྷུང་མེད་པའི་ཤེས་རབ་ལས།། ཕྱོགས་མེད་ཡོན་ཏན་ཁོར་འདས་གཉིས་སུ་ཤར།། ཉི་མའི་སྙིང་པོ་རིན་མེད་བཞིན།། ཆོས་ཉིད་བྱིན་པར་ཆོས་ཅན་སྣ་ཚོགས་སྔ་།
33b2 རྒྱན་དང་རོལ་པར་སྣང་བའོ།། བཞི་གསུམ་མཚན་ཉིད་དང་ལྡན་པས།། འབྱུང་བ་ཞི་མ་འགགས་ས་གཞི་བཞིན།། དེ་ལས་ལྷན་ཅིག་སྐྱེས་པ་དང་།། ཀུན་ཏུ་བརྟགས་གཉིས་སྔ་ཕྱིའི་ཚུལ།། འཁྲུལ་པའི་རྒྱུ་སྟེ་ས་བོན་བཞིན།། རྐྱེན་བཞིས་མཐུན་པའི་ཕན་རྐྱེན་བྱས།།
33b3 དཔེར་ན་ཆུ་དང་ལུང་བཞིན་ནོ།། འཁྲུལ་གསུམ་འབྲས་བུའི་རྩི་ཐོག་བཞིན།། སྤྲུལ་པའི་སྐུ་ཡི་ཞིང་ཁམས་སོ།། དེ་ནི་འཁོར་བ་སྤྱི་སར་ཤར།། གཞི་གསུམ་དག་པས་འབྲས་བུ་རྣམ་པ་གསུམ།། རྒྱུ་དང་རྐྱེན་གྱི་ཕ་རོལ་ཕྱིན་པ་ཡིན།། ཆོས་སྐུ་གཉིས་མེད་འགྱུར་མེད
33b4 པས།། ལོངས་སྐུ་ཤེས་རབ་སྐུ་ལྔར་ཤར།། གདུལ་བྱ་དག་ལ་ཡེ་ཤེས་སྒྱུ་མའི་སྐུ།། རང་ལ་མེད་པར་གཞན་ལྟར་སྣང་བ་གདུལ་བྱར་སྐུ།། བྱད་དང་མེ་ལོང་ཇི་བཞིན་དུ།། གྲུ་གསུམ་འདུ་འབྲལ་མེད་པར་ཤར།། དེ་ནི་མྱང་འདས་སྤྱི་སར་ཤར།། ཆོས་ཅན་སྤྱི་སར་བཏང་བ
33b5 ཆོས་ཅན་ཉིད་དུ་གྲོལ།། རྒྱ་རྐྱེན་གཉིས་ཀྱི་ཕ་རོལ་ཕྱིན།། མི་གནས་དམིགས་མེད་ཤེས་རབ་ཀློང་དུ་བཏང་།། སྦྱིན་བདག་ཆེན་པོ་གཙོ་བོ་ཡིན།། ཆོས་ཉིད་འབྱུང་བའི་དྲི་མ་དག། རེག་པ་སེམས་ཀྱི་དྲི་མ་དག། ཆོས་སྐུ་མཐའ་ཡི་དྲི་མ་དག། ཤེས་རབ་མཐའ་ཡི་དྲི་མ་དག། ཡེ
33b6 ཤེས་སྐུ་ལ་ཡིད་དང་མཚན་མ་དག། སྤྲུལ་པའི་སྐུ་ལ་རེག་བྱ་ཉོན་མོངས་དག། ཞི་བའི་སྐུ་ལ་ཕྱོགས་རིས་དག། ཉག་གཅིག་དོན་ལ་ཕྱོགས་རིས་དག། ཟང་ཐལ་དོན་ལ་སྐྱེ་འགག་མེད།། རང་བྱུང་དོན་ལ་འདུས་བྱས་དག། ལྷན་གྲུབ་དོན་ལ་རེ་དོགས་དང་།། དག་པའི་དེ་དག
33b7 ཀྱང་ནི་ལོགས་ན་མེད།། དེ་ནས་ཡང་སྟོན་པས་བཀའ་སྩལ་པ།། རྡོ་རྗེ་འཛིན་པ་ངེས་ཟུང་ཞིག། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས།། མཆོག་ཏུ་གྱུར་པ་སེམས་དཔའ་ཉིད།། དེ་ཡི་འདོད་པ་ཤེས་རབ་ཕ་རོལ་ཕྱིན་པའི་ཆོས།། དུས་གསུམ་བདེ་གཤེགས་ཀུན་གྱི་ཡུལ
iiif viewer powered by OpenSeadragon
33a - 34a