e-texts navigator
Collection
Volume
Page
Wylie

33a1 བསྐུར་ཙོད་པརྙརྟན།། རྫོགས་པའི་སངས་རྒྱས་ཆུ་དུ་ཐོགས།། རྡོ་རྗེ་རིན་ཅན་དབང་བཀུར་དཔལ།། ཞེས་གསུངས་པ།། འདུམ་དཔལ་དགངས་པ་འདས་པ་ལས། སྒྱུ་འི་ཁྲོ་གཉིས་ཐ་བསྟན་པའི་ལེཿ་གཉིས་པའོ།།
33a2 སྐྱེ་མེད་དོན་རྟོགས་རབ་ཏུ་དགའ།། བློ་ཡི་ཐེ་ཚོམ་ཀུན་དང་པྲལ།། དེས་ན་གཉིས་པ་དྲི་མ་མེད།། ཐུན་མོ་ཐུགས་རྗེས་དོན་མཛད་པ།། ཇི་བཞིན་རྣམ་བཞི་མ་ནོར་སྟོན།། འདི་ནི་གསུམ་པ་འོད་འཕྱོའི་ས།། གདུལ་བྱ་ལ་སྡང་མངོན་སུམ་པས།། རང་ཤར་ཐུགས་རྗེས
33a3 དོན་མཛད་པ།། དེ་ནི་བཞི་པ་འོད་བྱེངས།། ཡེ་ཤེས་གདངས་དང་ཡོན་ཏན་སྐུ།། གཉིས་པོ་དག་ཏུ་སྣང་བ་ཡིན།། དེ་ལྟར་དོན་མཆོག་ངེས་ཐོབ་པས།། སྣོད་བཅུད་མི་གནས་རང་གྲོལ་ཏེ།། རྣམ་རྟོག་དྲི་མེད་ས་ལ་གནས།། ལྔ་པ་སྦྱང་དཀའི་ས་ནོན་པའོ།། དྲི་མེད
33a4 སྐུ་དང་ཡེ་ཤེས་རྣམས།། རླུང་དང་ཐལ་བའི་མར་མེ་ལྟར།། ཇི་བཞིན་གསལ་བ་མངོན་གྱུར་པས།། ཟག་བཅས་འབྲས་བུ་ལས་འཕགས་ནས།། ལྷུན་གྲུབ་མངོན་དུ་གྱུར་པའི་ཚེ།། བདུན་པ་རིང་དུ་སོང་བའི་ས།། དོན་ཆེན་དེ་ལ་འགྱུར་མེད་པ།། ང་ལོག་རྣ་མུ་གསུམ
33a5 དོན་གནས་པས།། འགྱུར་མེད་ཟང་བྲལ་བརྒྱད་པའི་ས།། ཆོས་ཉིད་དྲི་མ་གསུམ་དག་པའོ།། ལྔ་དང་དྲུག་གི་མཚན་ཉིད་ལ།། རིག་པ་དྲི་མེད་སྙིང་པོར་ཤར།། འབྲས་བུ་དྲི་མེད་སྐུ་གསུམ་གས་པ།། ཤེས་རབ་སྲུ་ཡིས་མཚམས་སྦྱར་ནས།། དྲི་མེད་སུ
33a6 གསུམ་འདུ་འབྲལ་མེད།། གདུལ་བྱ་འོད་ཀྱི་སྐུ་མི་འགག། སྐུ་གཉིས་བདག་དང་གཞན་དོན་མཛད།། འདི་ནི་དགུ་པ་ལེགས་པའི་བློ་གྲོས་ས།། འཁོར་རྣམས་ཆོས་ལ་རིག་དབང་བསྐུར།། འདི་ནས་བཙུ་ནོན་པ་སྟེ།། དེ་དག་འགྱུར་མེད་ཟང་ཐལ་ལ།། ཆོས
33a7 ཀྱི་སྐྱེས་བཅུ་གཅིག་པའོ།། མགོན་པོས་བཅུའི་དབང་ཕྱུག་སྟེ།། ས་བཙུན་མ་དག་བདག་ཉིད་ཅན།། ཞེས་གསུངས་སོ།། འཇམ་དཔལ་གེངས་པ་འདུས་པ་ལས། སྲུང་དུ་མེད་པའི་ས་བརྔུ་བསྟན་པའི་ལེའུ་སྟེ་གསུམ་པའོ།། ། དེ་ངས་སྨོན་པས་བཀའ




iiif viewer powered by OpenSeadragon

32b - 33b

Texts on this page

Gdg005.3 - 'jam dpal dgongs pa 'dus pa gsang sngags chen po'i rgyud