| | e-texts navigator
|
32a1 སྦྲུས་སུ་མཐུན་པ་སྣ་བའོ།། རིག་པ་ཚ་ཉིད་ཉྀང་མེདང་།། བརྫ་ནས་།། ཉྀད་བ་དགས་དྲི་མ་དག། ཐས་དག་པདས་པོ་ཐལ།། ད་ནཔས།། རིག་པ་གང་བ་གས་པ་།། གདུལ་ལ་གྱུར
32a2 འབྱུང་བ་བཞི།། འགྱེད་མེད་ཤེས་རབ་སྲུ་གསལ་བས།། མཚན་མའི་ཕྱག་རྒྱ་མི་གནས་པ།། མཁྱེན་པའི་ཡེ་ཤེས་ཕྱག་རྒྱ་གས་ལ།། ལུས་མེད་ལུས་ཏེ་ལུས་ཀྱི་མཆོག། ལུས་ཀྱི་མཐའ་ནི་རྟོགས་པ་པོ།། གདུལ་བྱལ་སྣང་ཡེ་ཤེས་སྐུ།། ནམ་མཁའ་ལས་བྱུང་རིང
32a3 བྱུང་བ།། ཤེས་རབ་ཡེ་ཤེས་མེ་བོ་ཆེ།། ཡེ་ཤེས་ཀྱི་ནི་དངས་མལ།། ཡོན་ཏན་སྲུ་ལྔས་རབ་ཏུ་བརྒྱན།། འདི་ནི་རྟགས་དང་ཆ་འཛིན་སྐུ།། ཆོས་སུ་ཡེ་ནས་གཞི་ཉིད་ལ།། ལོངས་སུ་མཁྱེན་པའི་ཤེས་རབ་སྟེ།། སྤྲུལ་སྐུས་ཕྱིར་གསལ་དོན་བྱེད་ནུས།། མཐི་གའི་བུམ
32a4 པ་མེ་ལོང་ཡེ་ཤེས་སྣང་།། སྣང་མཛད་བུདྡྷ་ཧེ་རུ་ཀ། སྨུག་ནག་དབུ་གསུམ་འཇིགས་པའི་གཟུགས།། ཕྱག་དྲུག་ཞབས་བཞི་གདངས་ཤིང་བསྐྲད།། མཐིང་ག་བུམ་པ་མེ་རི་མཐིང་ནག་སྣང་།། མི་བསྐྱོད་བཛྲ་ཧེ་རུ་ཀ། མཐིང་ནག་དབུ་གསུམ་འཇིགས་པའི་གཟུགས།། ཕྱག
32a5 དྲུག་ཞབས་བཞི་གདེངས་ཤིང་བསླང།། སེར་པོ་བུམ་པ་མེ་རི་སེར་ནག་སྣང་།། རིན་ཆེན་འབྱུང་ལྡན་ཧེ་རུ་ཀ། སེར་ནག་དབུ་གསུམ་འཇིགས་པའི་སྐུ།། ཕྱག་དྲུག་ཞབས་པ་ཞེ་སྡེ་མ་བཞིན།། དམར་པོ་བུམ་པ་མེ་རི་དམར་ནག་སྣང་།། སྣང་བ་མཐའ་ཡས་པདྨ
32a6 རུཀ། དམར་ནག་དབུ་གསུམ་འཇིགས་པའི་སྐུ།། ཕྱག་དྲུག་ཞབས་བཞི་སྔ་མ་བཞིན།། ལྗང་གུ་བུམ་པ་མེ་རི་དམར་ནག་གསལ།། དོན་ཡོད་གྲུབ་པ་ཀརྨ་ཧེ་རུ་ཀ། ལྗང་ནག་བུམ་པ་དབུ་གསུམ་འཇིགས་པའི་སྐུ།། ཕྱག་དྲུག་ཞབས་བཞི་ག་དངས་ཤིང་བགྲད།། ཀུན་གྱི་ཕྱག
32a7 མཚན་རྣམ་པ་གསུམ།། ཡེ་ཤེས་རང་རྟགླ་ཕྱག་མཚོན་དང་།། གདུལ་བྱེད་དཔའ་རྟགས་ཕྱག་མཚོན་དང་།། ཕྲ་མེན་ཟོད་གཏོང་ཕྱག་མཚན་རྣམས།། སོ་སོའི་རྟགས་དང་ཆ་འཛིན་པ།། ཡེ་ཤེས་རང་རྟགས་སོ་སོར་སྣང་།། ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ།། གཟུགས་ཚེ་ལུས་ཀྱང་ཆེ
iiif viewer powered by OpenSeadragon
31b - 32b