| | e-texts navigator
|
31b1 དང་ལྷན།། ཡེ་ཤེས་སྣང་བ་ལམ་མེ་བ།། འོད་ཆེན་རྣམ་པར་སྣང་བར་བྱེད།། གཟི་བརྗིད་ཅི་ངོ་ལྟར་རྒྱུ།། སུམ་ཅུཅ་གཉིས་མཚན་ཆུང་བ།། ཁ་དོག་སྣ་ཚོགས་འབར་བའི་འོད།། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་བྱས།། བཅུ་དྲུག་བྱེད་བྱེད་པག་པཅན།། དཀྱིང་འཐོར་།
31b2 ཆེན་པོ་ཡངས་པ་ཡིན།། ཡེ་ཤེས་གདངས་ཀྱི་ཕུང་པོ་ལྔ།། ལྔ་ཡི་བདག་ཉིད་བཅུ་མིང་ཅན།། སངས་རྒྱས་སྐུ་ལྔའི་བདག་འཛིན་པ།། དྲི་མེད་དག་པའི་མཁའ་ལ་གསལ།། བྱང་དང་མེ་ལོང་དུས་མཚུངས་ཀྱང་།། གཡའ་དང་དྲི་མ་མ་དག་པས།། བུད་བཞིན་རྣམ་པ་གསལ་མི་ནུས།། རེ་འོ
31b3 གཡང་དང་བྲལ་བ་ལ།། བྱད་ཀྱི་དྲི་མ་དག་པ་གསལ།། ཆོས་ཉིད་རིག་པ་མ་བྲལ་ཡང་།། འབྱུང་བ་ཕྲ་རགས་རྣམ་པ་དང་།། སེམས་རྟོག་ཕྲ་རགས་རྣམ་པ་གསུམ།། ཆོད་པས་སྐུ་དང་དངས་མ་གསལ།། གཉིས་པོ་ཕྲ་རགསལྔ་དག་ནས།། བཙལ་དང་འོང་བ་མེད་བཞིན
31b4 རྟོག་མེད་ཡེ་ཤེས་སྣང་བ་གསལ།། རྡུལ་མེད་དུལ་བྲལ་དྲི་མ་མེད།། རྣམ་པར་དག་པ་བདག་མེད་ཆོས།། རྫོགས་པའི་སངས་རྒྱས་ཨ་ལས་བྱུང་།། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། ཁོང་ནས་འབྱུང་བ་སྐྱེ་བ་མེད།། ཚིག་ཏུ་བརྗོད་པ་སྤང་བ་སྟེ།། བརྗོད་པ་ཀུན་གྱི
31b5 རྒྱུ་ཡི་མཆོག། ཚིག་ཀུན་རབ་ཏུ་གསལ་བར་བྱེད།། མཆོད་པ་ཆེན་པོ་འདོད་ཆགས་ཆེ།། སེམས་ཅན་མ་ལུས་དགའ་བར་བྱེད།། མཆོད་པ་ཆེན་པོ་ཞེ་སྡང་ཆེ།། ཉོན་མོངས་ཀུན་གྱི་དགྲ་ཆེ་བ།། མཆོད་པ་ཆེན་པོ་གཏི་མུག་ཆེ།། གཏི་མུག་བློ་སྟེ་གཏི་མུག་སེལ།
31b6 མཆོད་པ་ཆེན་པོ་ཁྲོ་བ་ཆེ།། ཁྲོ་བ་ཆེན་པོ་དགྲ་ཆེ་བ།། མཆོད་པ་ཆེན་པོ་ཆགས་པ་ཆེ།། ཆགས་པ་ཐམས་ཅད་འཇོམས་པ་པོ།། མེད་པ་ལས་བྱུང་ཁྱོད་ལ་འདུད།། ནམ་མཁའ་ལས་བྱུང་ཁྱོད་ལ་འདུད།། ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད།། ཅེས་གསུངས་སོ།། འཇམ
31b7 དཔལ་དགོངས་པ་འདུས་པ་ལས། སྲུ་ཡི་ཆ་ལུགས་བསྟན་པའོ།། དེ་ནས་ཡང་གསང་བའི་བདག་པོས་བཀའ་སྩལ་པ། གདུལ་བྱ་ཁྲོ་བོར་སྣང་བ་ལ།། ཐུགས་རྗེ་རང་བྱུང་དཀྱིལ་འཁོར་ཤར།། དོན་ལ་ཐ་དད་ཡོད་པ་མིན།། གཉིས་མེད་གཉིས་སུ་མེད་པར་སྟོན།
iiif viewer powered by OpenSeadragon
31a - 32a