| | e-texts navigator
|
30b1 རྒྱག་སླད་དུ། མནྟྲ་ཐླིཾ་སྐྲྀ་ཤ་ཡས་བྱུད་ཡམ་སྔ་མ་ནྟ་དྷནཱ་པ། བོད་སྐད་དུ། འདས་དཔལ་དགོངས་པ་འདུས་པ་གས་སྔགས་མེན་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱུག་འཚལ་ལ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།
30b2 མེ་རི་འབར་བའི་རྩེ་མོ་སྲེ་ལ་མུ་ཁ་ལ་སོགས་པས་རྣམ་པར་སྤྲོས་པའི་གནས་ན། པདྨ་ཁ་དོག་ཀུན་ཏུ་འབར་བའི་གདན་ལ། སྐུ་གསུང་ཐུགས་འཇམ་དཔལ་བདག་ཉིད་ཅན་དུ་གྱུར་པའི་རྡོ་རྗེ་སེམས་དཔའ་བཞུགས་ཏེ། ལག་ན་རྡོ་རྗེ་མཁའ་འགྲོ་ལ་སོགས་པ། འཇིག་རྟེན་པ་དང་།
30b3 འཇིག་རྟེན་ལས་འདས་པའི་རིགས་ཀྱིས་བསྐོར་ཏེ། ཐབས་གཅིག་ཏུ་འཁོད་པ་ནི། ངེས་པའི་དོན་གྱིས་ཚོགས་པ་དང་། ངེས་པའི་དོན་སྤོགས་པའི་ཕྱིར། འཁོར་གཉིས་སུ་འདུས་སོ།། དེ་ནས་ལག་ན་རྡོ་རྗེས་འཁོད་པ་རྣམས་ཀྱི་བསམ་པ་མཁྱེན་ཏེ།། ལུས་བཏུད་རྣམས་དང་ལྷན་ཅིག་ཏུ།། རྫོག་སངས།
30b4 རྒྱས་ལ་ཕྱག་འཚལ་ནས།། ཐལ་མོ་སྦྱར་བར་བྱས་ནས་ནི།། སྤྱན་སྔར་འདུག་སྟེ་འདི་སྐད་གསོལ།། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས།། འགྲོ་བའི་བླ་མ་སྟོན་པ་པོ།། དམ་ཚིགཱ་ཆེན་པོ་དེ་ཉིད་མཁྱེན།། དབང་པོ་བསམ་པ་མཁྱེན་མཆོག་གིས།། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ།
30b5 གཙུག་ཏོར་ཆེན་པོ་ཚིག་གི་བདག། ཡེ་ཤེས་སྐུ་སྟེ་རང་བྱུང་བ།། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི།། མིང་ནི་ཡང་དག་བརྗོད་པའི་མཆོག། དོན་ཟབ་དོན་ནི་རྒྱ་ཆེ་ཞིང་།། དོན་ཆེན་མཚུངས་མེད་རབ་ཞི་པ།། ཐོག་མ་བར་དང་མཐར་དགེ་བ།། འདས་དང་མབྱོན་ད་ལྟར
30b6 ཀྱིས།། གླུར་བླངས་པ་ནི་གང་ལགས་པ།། དགོངས་པ་འདུས་དོན་གསུང་དུ་གསོལ།། གསང་འཛིན་ཇི་ནས་བདག་གྱུར་ཕྱིར། ངེས་པར་འབྱུང་བའི་བར་དུ་འདི།། བདག་གིས་བསམ་པ་བརྟན་པོས་གཟུང་།། ཉོན་མོངས་མ་ལུས་བསལ་བ་དང་།། མི་ཤེས་མ་ལུས་སྤངས་པའི
30b7 ཕྱེར།། སེམས་ཅན་རྣམས་ལ་བཤད་པར་འཚལ།། ཞེས་ཞུ་ལྡན་ས་རྡོ་རྗེ་སེར་འད་པའི་ཐུགས་ཉིད་ཀྱི་གསང་མཛོད་དོ་ཀྱེ་སྟེ། ཡེ་ཤེས་རླུང་གི་བུམ་པ་དྲིལ།། ལྗགས་ཀྱི་རྩེ་ནས་གསུང་གི་འོད་འཕྲོ་བ།། རིང་ཞིང་ཡངས་པ་བརྐྱང་མཛད་དེ།། འཇིག་རྟེན
iiif viewer powered by OpenSeadragon
30a - 31a