| | e-texts navigator
|
305a1 སྔོན་རོལ་དུ་བྱེད་པ་པོར་བྱུང་བ་འདི་གསུངས་སོ།། ཀྱེ་སེམས་དཔའ་ཆེན་པོ་ཡིད་ན་དབང་ལ་ཞུགས་ཅིག། རྣ་དབྱང་སྐུ་ལ་རྟོགས་ཤིག། ཀྱེ་ང་ནི་ཀུན་བྱེད་རྒྱལ་པོ་སྟེ།། ང་ནི་ཀུན་བྱེད་བྱང་ཆུབ་སེམས།། ང་མེད་པ་ཡི་སྔོན་རོལ
305a2 ན།། ཆོས་རྣམས་འབྱུང་བའི་སྙིང་པོ་མེད།། ང་མེད་པ་ཡི་སྔོན་རོལ་ན།། ཆོས་ཀུན་བྱེད་པའི་རྒྱལ་པོ་མེད།། ང་མེད་པ་ཡི་སྔོན་རོལ་ནི།། སྟོན་པ་བྱ་བ་ཡེ་ནས་མེད།། དེ་མེད་པ་ཡི་སྔོན་རོལ་ན།། བསྟན་པ་བྱ་བ་ཡེ་ནས་མེད།། ང་མེད་པ་ཡི་སྔོན
305a3 རུལ་ན།། འཁོར་ཞེས་བྱ་བ་ཡེ་ནས་མེད།། སེམས་དཔའ་རྡོ་རྗེ་རྟོག་མ་སྐྱེ།། སེམས་དཔའ་ཆེན་པོ་ཁྱོད་ཉིད་ཀྱང་།། དེ་ཡི་ངོ་བོ་སྐུལ་པ་ཡིན།། ཞེས་གསུངསསོ།། དེ་ནས་སེམས་དཔའ་རྡོ་རྗེས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་ཐལ་པོ་ལ་ཞུས་པ། ཀྱེ
305a4 བྱེད་རྒྱལ་པོ་བྱང་རྒྱབ་སེམས།། ཁྱོད་ནི་ཡེ་ནས་ཆེན་པོ་ཡིན།། སྟོན་པ་དང་ནི་བསྟན་པ་དང་།། འཁོར་ལ་སོགས་པའི་ཆོས་རྣམས་ཀུན།། བྱེད་མཁན་ཁྱོད་ཀྱིས་བྱས་པས་ན།། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན།། བྱེད་མཁན་ཁྱོད་ཀྱིས་བྱས་པར
305a5 སྟོན་པ་གཅིག་གོམས་རྣམ་པ་དུ་ངུ་ཡོད།། བསྟན་པ་གཅིག་གམ་རྣམ་པ་དུ་རུ་ཡོད།། འཁོར་རྣམས་གཅིག་གམ་རྣམ་པ་དུ་དུ་ཡོད།། ཅེས་ཞུས་སོ།། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སླར་གསུངས་པ། ཀྱེ་རང་འབྱུང་ཡེ་ཤེས་ཀུན་གྱི
305a6 སྟོན་པར་གཙུག། ང་ཡི་རང་བཞིན་རྣམ་གསུམ་སྣང་བ་ལ།། སྟོན་པའི་གྲངས་ནི་རྣམ་པ་གསུམ་དུ་བྱུང་།། ང་ནི་དེ་བཞིན་ཉིད་དུ་གཅིག་པ་ལས།། ཆོས་རྣམས་ཀུན་གྱི་ཆོས་ཉིད་དེ་བཞིན་ཉིད།། ང་ཉིད་བྱང་ཆུབ་སེམས་ལས་གཞན་མེད་དོ།།
305a7 ལཾས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས།། འཁོར་ལ་བསྟན་པ་རྣམ་པ་གསུམ་དུ་བསྟན།། ང་ཡི་ངོ་བོ་གཅིག་ཏུ་ཕྱུང་ནས་ནི།། ང་ཡི་རང་བཞིན་གཅིག་ཏུ་བསྟན་པའི་ཕྱིར།། ཀུན་བྱེད་ང་ཡི་འཁོར་དུ་ཀུན་ཀྱང་གཅིག། ང་ལས་བྱུང་བའི་སྟོན་པ་སྐུ་གསུམ
iiif viewer powered by OpenSeadragon
304b - 305b