e-texts navigator
Collection
Volume
Page
Wylie

304a1 ཆོས་ཐམས་ཅད་ཉིད་ལས་བྱུང་བའི་ཏིང་ངེ་འཛིན་ཅེས་ཟླ་བ་ལ་གནས་པར་མཛད་དོ།། དེ་ནས་འཁོར་གྱི་རང་བཞིན་ལས་སེམས་དཔའ་ཛིནི་ལངས་ནས་སྟོན་པ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་ཞལ་དུ་མདངས་ཀྱང་སྟེ་འཁོད་ནས
304a2 ནུས་པ། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས།། ཁྱོད་ཀྱི་འཁོར་དུ་བདག་འདུས་འཁོད་པ་སྟེ།། བདག་ནི་འཚལ་བའི་དོན་ནི་ཅི་ཞིག་མཆིས།། བདག་འ་ཚལ་དོན་ནི་ཁྱོད་ཀྱིས་བསྟན་དུ་གསོལ།། ཞེས་ཞུས་སོ།། དེ་ནས་བྱང་ཆུབ་ཀྱི
304a3 སེམས་ཀུན་བྱེད་རྒྱལ་པོ་དེས་ཉིད་ཀྱི་རང་བཞིན་དང་། ཉིད་ཀྱི་ངོ་བོ་དང་། ཉིད་ཀྱི་ཐུགས་རྗེ་ལས་ཆོས་ཐམས་ཅད་བཀོད་པ་ནི་ཉིད་ཀྱི་རང་རྗེ་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་ལས་རང་འབྱུང་གི་ཡེ་ཤེས་ཆེན་པོ་ལྔ་བྱུང་བ་ནི་འདི་ཝཱ་སྟེ། ཞེ་སྡང་རང་འབྱུང་ཡེ་ཤས
304a4 ཆེན་པོ་དང་། འདོད་ཆགས་རང་འབྱུང་ཡེ་ཤེས་ཆེན་པོ་དང་། གཱཏི་མུག་རང་འབྱུང་ཡེ་ཤེས་ཆེན་པོ་དང་། ཕྲག་དོག་རང་འབྱུང་ཡེ་ཤེས་ཆེན་པོ་དང་། ང་རྒྱལ་རང་འབྱུང་ཡེ་ཤེས་ཆེན་པོ་དང་། རང་འབྱུང་གི་ཡེ་ཤེས་ལྔ་པོ་དེས་རྒྱར་གྱི
304a5 ཆེན་པོ་ལྔ་ནི་ཕྱུང་། འཇིག་ཅིང་བརྟེན་པའི་ཁམས་ཆེན་པོ་གསུམ་ནི་བཀོད་དེ། རྒྱན་གྱི་ཆུའི་ལུས་ལྔ་གཅིག་ཏུ་བླངས་པ་འདི་ལྟ་སྟེ། རྒུན་གྱི་གྲཝའི་ལུས་ས་ཞེས་བྱ་བའི་ལུས་དང་། ཆུན་གྱི་རྒྱུའི་ལུས་ཚྭ་ཞེས་བྱ་བའི་ལུས་དང་། རྒྱན་གྱི
304a6 ལུས་མེ་ཞེས་བྱ་བའི་ལུས་དང་། རྒྱན་གྱི་རྒྱུའི་ལུས་རླུང་ཞེས་བྱ་བའི་ལུས་དང་། རྒྱན་གྱི་རྒྱུའི་ལུས་ནམ་མཁའ་ཞེས་བྱ་བའི་ལུས་ལ་གཅིག་ཏུ་ལུས་ཐམས་ཅད་བླངས། ཡེ་ཤེས་ལྔའི་རིགས་སོ་སོར་ཕྱེ་སྟེ། རང་འབྱུང་ཡེ་ཤེས་ཞེ་སྡང་གི
304a7 རིགས་དང་། རང་འབྱུང་ཡེ་ཤེས་འདོད་ཆགས་ཀྱི་རིགས་དང་། རང་འབྱུང་ཡེ་ཤེས་གཏི་ག་གི་རིགས་དང་། རང་འབྱུང་ཡེ་ཤེས་ཕྲག་དོག་གོ་རིགས་དང་། རང་འབྱུང་ཡེ་ཤེས་ང་རྒྱལ་གྱི་རིགས་དང་། རང་འབྱུང་ཡེ་ཤེས་ལྔའི་རིགས




iiif viewer powered by OpenSeadragon

303b - 304b

Texts on this page

Gdg005.23 - chos thams cad rdzogs pa chen po byang chub kyi sems kun byed rgyal po