| | e-texts navigator
|
303b1 བཞིན་རྟོགས་པའི་འཁོར་འདི་ལྟ་སྟེ། སྔར་འདས་པའི་སངས་རྒྱས་ཉིད་ལ་གནས་པའི་འཁོར་དང་། ད་ལྟར་བཞུགས་པའི་སངས་རྒྱས་ཉིད་ཀྱིས་དོན་མཛད་པའི་འཁོར་དང་། སླར་ནས་གྱོན་པའི་སངས་རྒྱས་ཉིད་ལས་འབྱུང་བའི་འཁོར་དང་། འབྱེད་པ་མི་མངའ་བའི་རང་བ་རྟེན་གྱིས་ཐབས་ཅིག་པར་བཞུགས་སོ།། དེ་ནས་བྱང་ཆུབ
303b2 ཀྱེ་སེམས་ཀུན་བྱེད་རྒྱལ་པོ་དེས་འཁོར་ཐམས་ཅད་ཉིད་ཀྱི་རང་བཞིན་དུ་བྱིན་གྱིས་བརླབ་པའི་ཕྱིར་འཁོར་ཐམས་ཅད་ཉིད་ཀྱི་སེམས་ཉིད་ཀྱི་ཐུགས་ལ་ཐིམ་པར་མཛད་དོ།། རང་འབྱུང་གི་ཡེ་ཤེས་གསལ་བར་མཛད་དོ།། དེ་ནས་ཐམས་ཅད་ཆོས་ཉིད་དུ་ལྡན་པར་བྱ་བའི་ཕྱིར་ཐམས་ཅད་འགྲུས་ནས་ཐིག་ལེ་ཆེན་པོ་གཅིག་ཏུ་འདུ།
303b3 དེ་ནས་སེམས་དཔའ་དེ་ཉིད་ཀྱི་རང་བཞིན་ཐིག་ལ་ཆེན་པོ་གཅིག་ཏུ་བཞུགས་པ་དེ་ལས་བྱུང་ནས། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་ལྡན་སྔར་དགའ་བའི་སེམས་ཀྱིས་དང་བའི་མདངས་ཕྱུང་སྟེ་འཁོད་པས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སེམས་དཔའ་རྡོ་རྗེ་ལ་སྦས་པ། སེམས་དཔའ་རྡོ་རྗེ་ཨེ་མ་ཧོ།། དགྲལ
303b4 བའི་སེམས་སྐྱེས་ཨེ་མགོ།། དང་བའི་མདངས་ཕྱུང་ཨེ་མཧོ།། ངལང་བྱུང་བ་ཨེམཧོ།། ཞེས་གསུངས་པས།། དེ་ནས་སེམས་དཔ་འོད་མ་ནུས་པ།། ཀྱཻ་སྟོན་གའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས།། སྐྱོན་པ་ཉིད་ཀྱང་ཐིག་ས་སྨོས་མེད་དམ།། འཁོར་རྣམས་ཀུན་ཀྱང་ཐིག་མ་སྐོམ་མེད་དམ།། བསྟན་ཐེན་ཀྱང་འདི་མ
303b5 སྤོས་མེད་དམ།། དུས་དང་གནས་ཀྱང་ཐིག་ལོ་སྤོས་མེད་དམ།། ཐམས་ཅད་ཀུན་ཀྱང་ཐིག་ལེའི་རང་བཞིནན།། སྟོན་པའི་སྟོན་པས་ཅི་ཞིག་སྟོན་པར་མཛོད།། འཁོར་དུ་འཁོར་བའི་དོན་ནི་ཅི་པ་འཁོར།། འཁོར་ལ་བསྟན་པ་ཅི་ཞིག་སྟོན་པར་བྱེད།། དུས་དང་གནས་ནི་གཅིག་པ་ཇི་ལྟ་བུ་ཞེས་རྒྱས་མོ།། དེ་ནས་བྱང་ཆུབ
303b6 སེམས་ཀུན་བྱེད་རྒྱལ་པོ་དེཔེ་སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་གསུངས་སོ།། ཀྱེ་སེམས་དཔའི་ཆེན་པོ་ཡི། སྦལ་ཆུགཅིག། ངས་དོན་སྐར་བཤད་ཀྱིས།། ཀྱེ་སེམས་དཔའ་ཆེན་པོ། སེམས་ཉིད་ཀུན་བྱེད་རྒྱལ་པོ་ཉིད་ནི།། ཆོས་རྣམས་ཐམས་ཅད་ཀུན་གྱི་སྙིང་པོ་སྟེ།། སྙིང་པོ་མ་སྤོས་ཡེ་ནས་ཐིག་པ་ཡིན།། ཟེག
303b7 ཡེ་ཡེ་ནས་སྨོས་པ་མེད་པའི་དོན།། སྟོན་པ་དང་ནི་བསྟན་པ་འཁོར་དུས་གནས།། ང་ལས་བྱུང་བས་ལེ་ནས་ཐིག་ལེ་ཏེ།། ང་ཡི་རང་བཞིན་ཅིག་ལེ་བསྟན་པ་ཡིན།། ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། ། དེ་ན་ས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས
iiif viewer powered by OpenSeadragon
303a - 304a