| | e-texts navigator
|
302a1 གསུང། རྟོག་མེད་འོད་གསལ་ཐུགས་ཀྱི་མཆོག། མ་བཙལ་ལྡན་སྒྲུབ་ཡེ་ནས་གནས།། འདི་ནི་ཚོགས་མེད་དོན་པོ་ཆེ།། དོན་ཉིད་ཅི་ཡང་མ་ཡིན་པས།། ཤེས་པ་གང་ལའང་བསམ་དུ་མེད།། བསམ་མེད་བསམ་གྱིས་མི་ཁྱབ་པར།། དེ་ལྟར་བས་ན
302a2 པ་བསམ་ཆེན་ཡིན།། ཀ་ལ་པྲིང་ཀ་ཇི་ལྟ་བུར།། བཙལ་མེད་བསམ་པ་ཀུན་ཕུབ་ཕྱིར།། མ་བཙལ་ལྷུན་གནས་དོན་གྱི་མཆོག། བྱང་ཆུབ་སེམས་རྗེ་བཙན་དམ་པ་རྡོ་རྗེ་འོད་འཕྲོ་བའི་རྒྱུད་ལས། མཉམ་པར་བཞག་པའི་ལེའུ་སྟེ་དགུ་པའོ།། །། ཀྱེ་སེམས་དཔའ་ཆེན་པོ།།
302a3 མེད་པ་དང་ནི་ཕྱལ་བ་དང་།། གཅིག་པུ་དང་ནི་ལྷུན་གྱིས་རྫོགས།། བདག་ལ་འདུས་དང་རིས་མེད་དང་།། བདག་སྣང་བདག་ཏུ་ལྷུན་གྲུབ་པས།། བཙལ་མེད་ཡེ་བསྲུངས་དམ་ཚིག་མཆོག། ཡེ་ནས་བསྲུངས་པས་བསྲུང་དུ་མེད།། མབསྲུངས་ཐུབ་པས་དམ་ཚིག་མཆོག
302a4 ཐམས་ཅད་བདག་ཉིད་ཆེན་པོ་པས།། གཞན་ལ་བཅོལ་བ་ཅི་ཡང་མེད།། རྟོག་མེད་བསམ་མེད་གང་མི་འགོག། དེ་ལྟར་སྤྱོད་ལམ་སྤང་ལེན་བྲལ།། མཉམ་ཉིད་དང་ལས་མི་འདའ་བར།། རྫོགས་ཆེན་དམ་ཚིག་གཅིག་པུར་བཤད།། བྱ་བསམ་མེད་པས་དོན་གྲུབ
302a5 ལ།། ལྷུན་གྱིས་གྲུབ་པའི་དམ་ཚིག་ཡིན།། བཀླག་དང་མཉན་བསམ་བསྒོམ་པ་དང་།། མཆོད་དང་དབྱངས་ལེན་སྦྱིན་གཏོང་བ།། མ་ཆགས་རྫོགས་ཆེན་སྟོབས་མེད་ན།། བྱས་ན་ཐམས་ཅད་འཆིང་བའི་རྒྱུ།། གང་ཡང་དང་དུ་མ་བླངས་ན།། སྤྲོད་པ་བཅོས་མེད་ཆེན་པོ
302a6 ཉིད་སྤྱོད་ཉི་དབང་བགྱུར། ས་པ་མས་པ་སྒྲུབས་ས་འདས། ངཤིན་ས་ངསུངས
302a7 ཆེན་པོ། རང་བྱུང་ཡེ་ཤེས་བྱང་ཆུབ་སེམས།། བདག་ཉིད་ཆེན་པོ་ཆོས་སྐུ་རིད།། བློ་སླར་གཉིས་ཞི་མཉམ་ཉིད་དོན།། དུས་ཀུན་ཏག་ཆེན་རྡོ་རྗེའི་སྡེ།། རང་བཞིན་དེ་ཉིད་བརྡེག་མི་ནུས།། ཡེ་ཤེས་རྒྱུན་དུ་གང་ལ་རུང་།། ཚིག་ཏུ་རྟག་ཆུ་གང་བརྗོད་ཀྱང་།། རིག
iiif viewer powered by OpenSeadragon
301b - 302b