e-texts navigator
Collection
Volume
Page
Wylie

300b1 པ་གང་དུ་བད་པས་ན།། བྱུང་དུ་མེད་པའི་ཚུལ་གྱིས་བླང་།། སྡང་བ་མི་སྤང་རྟོག་པ་ཟེད།། རྟོག་པ་མདལ་གནས་མིཿ།། རྣམ་པར་མི་རྟོགས་ལ་བ།། སལ་བར་ཡང་རྟོག་པ་མེད།། མཐོ་ང་པོ་ཉིད་རྩིག་གི།། རླིག་པཇི་བཞིན་ཀྲུང་དུ་འཆགས།།
300b2 གསལ་རྟོག་བྲལ་རིག་པའི་བློང་།། ཇི་བཞིན་ཉིད་དུ་ལེགས་ལ་ཁྱབ།། བསམ་མེད་དྲན་མེད་མི་གཡོ་བ།། ཡོན་ཏན་ཆེན་པོའི་བསམ་གཏན་ནི།། བསམ་གཏན་ཉིད་པས་བསམ་དུ་མེད།། མེད་པ་ཉིད་ལ་མི་གནས་ཤིང་།། རྟོག་པ་མེད་ལས
300b3 མི་འགོག་པ།། འདི་ནི་རྟོགས་པའི་རྒྱལ་པོ་ཞེས།། རྒྱ་ལ་བ་རྣམས་ཀྱིས་ཡང་དགེ་བཤད།། མི་བསམ་མི་དཔྱང་དེ་བཞིན་ཉིད།། རྒྱུལ་རྒྱ་ལྟར་ཤེས་པར་བླ།། མི་གནས་པ་ལ་གནས་པ་ནི།། འདི་ནི་གནས་པ་ཆེན་པོ་ཞེས།། ཀུན་བཟང
300b4 སེམས་དཔས་ཡང་དག་བཤད།། བཤད་དུ་མེད་པའི་དོན་འདི་ནི།། རྒྱལ་བ་རྣམས་ཀྱིས་མ་བཤད་དེ།། རྒྱལ་བས་ཀྱིས་ཀྱང་གསུང་མི་འགྱུར།། ད་ལྟར་ཉིད་ཀྱངས་བཤད་དོ།། བྱང་ཆུབ་སེམས་རྗེ་བཙན་དམ་པ་རྡོ་རྗེ་འོད་འགྲོ་བའི་རྒྱུད་ལས།།
300b5 བསམ་མེད་ཉམས་སུ་བླང་བའི་ལེའུ་སྟེ་དྲུག་པའོ།། ། དེ་ནས་ཡང་རྡོ་རྗེ་སེམས་དཔས་གསོལ་པ། ཀྱེ་བཅོམ་ལྡན་འདས། བྱང་ཆུབ་ཀྱི་སེམས་གང་ལགས། བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཉོན་ཅིག། བྱང་ཆུབ
300b6 སེམས་ཀྱི་མཚན་ཉིད་ནི།། ཀུན་ཡིན་གང་ཡང་མ་ཡིན་ནོ།། འབྱུང་ཆེན་བཞི་དང་ལྔ་པོ་ཡང་།། བྱང་ཆུབ་སེམས་ཉིད་ཡིན་པར་བཤད།། ཕྱེ་དང་ནང་དང་ཕྱོགས་དང་རིས།། འཁོར་བ་མྱ་ངན་འདས་པ་དང་།། རྒྱུ་དང་འབྲས་བུར་སྣང
300b7 དང་།། ། སངས་རྒྱས་སེམས་ཅན་པོ་མོ་དང་།། ཁ་དོག་དབྱིབས་དང་གནས་དང་རིགས།། ཀུད་དང་མ་ནིང་མཚན་ཉིད་དང་།། མཚན་མར་ཅི་སྣང་ཅི་འདུག་པ།། དེ་ཉིད་བྱང་ཆུབ་སེམས་ཉིད་དེ།། གཞན་ནས་འོངས་དང་བཅོལ་བ་མེད།། དེ་རྣམས




iiif viewer powered by OpenSeadragon

300a - 301a

Texts on this page

Gdg005.22 - byang chub kyi sems rdo rje 'od 'phro ba'i rgyud kyi rim pa