e-texts navigator
Collection
Volume
Page
Wylie

300a1 ངས་བཤད་ཀྱིས།། སེམས་དཔའ་ཁྱོད་ཀྱིས་མཉན་པར་བྱོས།། སེམས་ཀྱི་ཡོན་ཏན་ཆེན་པོ་ནི།། སྟོང་གསུམ་རྡུལ་སྙེད་སངས་རྒྱས་ཀྱིས།། བསྐལ་པ་བྱེ་བར་བརྗོད་བྱས་ཀྱང་།། དེ་ལ་བརྗོད་པར་མི་ནུས་ཏེ།། དེ་ནི་མ་བསྒྲིབས་ཀུན་ཏུ
300a2 གསལ།། དེ་ནི་ཀུན་གྱི་སྙིང་པོ་ཉིད།། སྡུག་བསྔལ་བྱེ་བས་གདུངས་པས་ཀྱང་།། དེ་ལ་གཡོས་པ་རྡུལ་ཙམ་མེད།། བདེ་དང་སྡུག་བསྔལ་ཐམས་ཅད་ཀུན།། དེ་ཡི་ལོངས་སྤྱོད་ཆེན་པོ་སྟེ།། དེ་ཡི་དུས་ན་དེར་མི་འཛིན།། ཅི་ཡང་མི་དམིགས་ཆོས་ཀྱི་སྐུ།། ཆོ་འཕྲུལ
300a3 རང་བཞིན་དེ་ལ་འགྱེད།། འགྱེད་པ་མ་ཡིན་དེ་ཉིད་ཡིན།། སྤོས་མེད་བསྡུ་མེད་ཡི་གེ་མེད།། རྩིས་ལས་འདྲས་པས་ལྷུན་གྲུབ་སྐུ།། དེར་གཞོལ་དེར་ནི་མཆོད་པའི་སྤྲིན།། ཀློང་དུ་གནས་པའི་སྒྲུབ་ཐབས་སོ།། ངང་གིས་མི་ལྡོག་དངོས་གྲུབ་ལས།། དོན་དུ་ཕྱག་རྒྱ
300a4 རྫོགས་པ་ཡིན།། འདི་ཡི་དོན་རྟོགས་སྐྱེས་བུ་ནི།། བཀུར་བ་མེད་ཅིང་བཟླས་བརྗོད་མེད།། མཆོད་པ་མེད་ཅིང་བསྒོམ་པོ་མེད།། བསྲུང་བ་མེད་ཅིང་རྟོག་པ་མེད།། སྤང་མེད་བླང་མེད་བྱང་ཆུབ་སེམས།། ཆེད་དུ་བྱ་མེད་ཐམས་ཅད་རྫོགས།། འདི་ནི་རང་བྱུང་རྒྱལ་པོ
300a5 ཡིན།། སངས་རྒྱས་ཀུན་གྱི་བདག་ཉིད་ཡིན།། འབྲས་བུ་ཀུན་གྱི་བཙུད་བསྡུས་ཡིན།། རང་བཞིན་གསལ་བས་མུན་པ་མེད།། དེ་ལྟར་སྣང་བ་མ་ལུས་ཀུན།། འདི་ལས་བྱུང་ཞིང་འདི་ལ་འདུས།། སྐྱོན་དང་ཡོན་ཏན་གཉིས་མེད་དེ།། བླང་མེདོ་དོར་མེད་འཕོ
300a6 འགྱུར་མེད།། བྱས་པ་མེད་པར་ཐམས་ཅད་འགྲུབ།། ཕྱིན་པ་མེད་པར་ཐམས་ཅད་སོན།། བསྟན་པ་མེད་པར་ཀུན་ལ་གོ།། འདི་ནི་སེམས་ཀྱི་ཡོན་ཏན་ཞེས།། བཅོམ་ལྡན་ཀུན་ཏུ་བཟང་པོས་གསུངས།། བྱང་ཆུབ་སེམས་རྗེ་བཙན་དམ་པ་རྡོ་རྗེ་འོད་འཕྲོ་བའི་རྒྱུད
300a7 ལས། སེམས་ཀྱི་ཡོན་ཏན་བསྟན་པའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་རྡོ་རྗེ་སེམས་དཔས།། ཀྱཻ་བཅོམ་ལྡན་འདས་འདི་ཉམས་སུ་བླང་བའི་ཐབས་བཤད་དུ་གསོལ།། སྟོན་པས་བཀའ་སྩལ་པ།། ཀྱེ་སེམས་དཔའ་ཆེན་པོ་ཉམ




iiif viewer powered by OpenSeadragon

299b - 300b

Texts on this page

Gdg005.22 - byang chub kyi sems rdo rje 'od 'phro ba'i rgyud kyi rim pa