e-texts navigator
Collection
Volume
Page
Wylie

29b1 ཉིད་ཅན།། རྒྱལ་བ་རིགས་ལྔ་ཡབ་ཡུམ་དང་།། སེམས་དཔའ་སེམས་མ་ཐོ་བ་དང་།། ཉན་ཐོས་འཇིག་རྟེན་གཅ་བཀྲཱན།། དཀྱིལ་འཁོར་རྒྱལ་པོ་འདི་དུ་འདུས།། འཕགས་པ་འཇམ་དཔལ་གྱི་བཤུད་ཏུད་དྲན་པ་ཆེའི་ཕྲེང་བ་ལས། དཀྱིལ་འཁོར་ལྷའི་བྱེ་བྲག་བསྟན་པ་།
29b2 སྟེདགྲ་བའོ།། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གསང་བདག་རྡོ་རྗེ་འཆང་བ་ཉོན།། ཟབ་མོའི་གདམས་དག་བཤད་བྱ་བ།། རྣམ་པ་དགུ་རུ་ཤེས་བྱ་སྟེ།། རྟེན་གྱི་གང་ཟག་རྟོགས་པའི་རྐྱེན།། རྟོགས་ཐབས་རྟོགས་པའི་ལྟ་བ་དང་།། བསྒོ་མ་དངས
29b3 མཚམས་རྒྱ་མཚན་དང་།། འབྲས་བུ་ཐུགས་རྗེའི་མཛད་པའོ།། འདི་ལ་འཇུག་པར་བྱེད་པ་ཡི།། གང་ཟག་མཚན་ཉིད་བཅུ་གཅིག་སྟེ།། དད་བརྩོན་ཤེས་རབ་སྙིང་རྗེ་དང་།། ཐེ་ཚོམ་མེད་དགུས་འཆི་བ་དྲན།། གཏོང་ཕོད་སྒྱུ་མེད་ངང་ཚུལ་བཟང་།། བྱང་ཆུབ་མཆོག་གི་རིགས
29b4 ཡིན་པས། དད་ཅིང་གུས་ལ་མནང་གི་སྦྱིན།། ལུང་རིགས་མནང་གཏོགས་པའི་རྐྱེན།། ཐབས་ནི་ཐོས་བསམ་རྣམ་པ་གཉིས།། ལྟ་བ་བཤད་སྒོམ་སྔར་བཤད་མཚུངས།། དེ་ཡང་ཆོས་སྐུའི་རང་བཞིན་ཏེ།། སྐྱེ་འགག་མེད་པའི་མཚན་ཉིད་ཅན། ཀུན་ཏུ་བཟང་པོའི
29b5 ཉིད།། དགེ་མི་དགེ་ལས་གྲུབ་པ་མིན།། མི་འགྱུར་ཀུན་འགྲོ་ཁྱབ་བྱའོ།། མཚན་ཉིད་ཡོངས་སུ་དག་པའི་རྒྱུ།། གསལ་བར་སྣང་སྟེ་བརྟགས་ན་སྟོང་།། རང་ག་རང་རིག་འདུས་མ་བྱས།། སྐྱོན་བྲལ་བདེ་བ་ཆེན་པོའི་དང་།། རང་བཞིན་དངོས་མེད་སྟོང་པའི་དབྱིངས།།
29b6 ཡོན་ཏན་མ་འགགས་ཅིར་ཡང་ཡིན།། ཆོས་ཉིད་ནམ་མཁའ་ཆེན་པོ་སྟེ།། ཐོགས་པའི་རེག་བྱ་ཀུན་དང་བྲལ།། ཐོག་མ་མེད་པ་སྤྲོས་མེད་བདག། དེ་བཞིན་ཉིད་བདག་དག་པའི་བདག། ཆོ་འཕྲུལ་སྣ་ཚོགས་ཅིར་ཡང་སྡང་།། ཐབས་ཀྱི་ཐུགས་རྗེ་འགག་པ
29b7 མེད།། སངས་རྒྱས་ཀུན་གྱི་རང་བཞིན་འཆང་།། སྣང་ཚད་ཐམས་ཅད་འཇམ་དཔལ་སྐུ།། གྲག་ཆེད་ཐམས་ཅད་འཇ་མ་དཔལ་གསུང་།། དྲན་རྟོག་ཐམས་ཅད་འཇམ་དཔལ་ཐུགས།། སངས་རྒྱས་ཀུན་གྱི་ཐུགས་ཆེ་བ།། སངས་རྒྱས་ཀུན་གྱི་ཐུགས་ལ་གནས།




iiif viewer powered by OpenSeadragon

29a - 30a

Texts on this page

Gdg005.2 - 'phags pa 'jam dpal gyi bshad rgyud rin po che'i phreng ba