| | e-texts navigator
|
297b1 སྨོད་པ་ཀུན་ཏུ་རང་བཞིན་གནས།། སུ་ཞིག་རབ་ཏུ་ཞི་བརྙེད།། དེ་དག་རྣམ་པར་སྤྱོད་པའི་ཡུལ།། སངས་རྒྱས་ཐེག་པ་བླ་ན་མེད།། དོན་ཀུན་བཟུང་བའི་རྣམ་གྲངས་ཡིན།། མྱ་ངན་འདས་ལམ་མངོན་སུམ་སྟོན།། རབ་ཏུ་སྐྲོད་པའི་ཏིང་འཛིན་གྱིས།། སེང་གི་རྣམ་པར་གྲོལ་སོགས་ཀུན།།
297b2 རྩ་གཅིག་ཐེ་ཚོམ་ཡུལ་ཀུན་རྟོགས།། རབ་ཏུ་མི་གནས་འདི་ཡི་མཐུས།། ཆུ་འབྲས་བྱེ་བྲག་སྣ་ཚོགས་པས།། དོན་མཆོག་དངོས་ཀུན་བཞག་པའི་རྫས།། འདི་ལྟར་ཁམས་གསུམ་རྣམ་པར་འཁྲུལ།། མིག་ཡོ་རབ་ཏུ་གསང་བ་རྣམས།། ཐམས་ཅ་ཀུ
297b3 སྤྱོད་ལས་འདས།། ཆོས་ཉིད་སྙིང་པོ་རྗེས་འཇུག་དག། ཉིད་ཀྱི་སྣང་བ་མྱ་ངན་འདས།། འདི་ལ་རྨྱི་མེད་རྐྱེན་ཚོགས་མ་སྐྱེས་པས།། སྒོ་སྦར་མཚན་མའི་མཐའ་བྲལ་རྣམ་དག་དབྱིངས།། དུས་གསུམ་སྟོན་པའི་བདེན་པས་མཐའ་རྣམས་སེལ།། ཕན་གནོད་པ་དག་ཅག་ས
297b4 མཐུན་གནས་གཟུགས་པས།། རླུད་ཆེན་གསང་བ་རང་བཞིན་དོན་གྱིས་འབྱུང་།། ངོ་བོས་མི་ཀུན་རབ་རྟོགས་སྤྲུལ་པའི་ཡུལ།། སྦ་མཆོག་ཐམས་ཅད་མཁྱེན་པའི་གཞི།། རྣམ་གྲངས་ཡོན་ཏན་ཚོགས་ཀྱི་བདག་ཉིད་ནི།། དྲས་ཀུན་མི་གཉིས་ཕ་རོལ་གྱི
297b5 མཆོག། རྣལ་འབྱོར་ཐེག་མཆོག་རྣམས་ཀྱིས་གཟུང་བར་གྱིས།། དོན་བཞིན་སྟོན་པའི་སྣང་བ་བྱེན་རླབས་ཤུགས།། མཆོག་གི་བློ་གྲོས་ཀུན་གྱིས་བསྟོད་པའི་གནས།། འདི་ལྟར་རྒྱ་ཆེན་འདུས་པའི་ཚོགས་རྣམས་ཀྱིས།། རབ་བཙལ་བྱང་ཆུབ་སེམས་འདི་གཟུང་བར
297b6 གྱོས།། མཐར་ཕྱིན་བསྟན་པའི་གནས་འདི་དུས་ཀུན་དུ།། རབ་ཏུ་བསྔགས་པས་སངས་རྒྱས་དམ་པའི་གཞུང་།། ཞེས་སོགས་རྒྱ་ཆེར་སྟོན་ཏོ།། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས། ཀུན་ལ་འཇུག་པ་རྣམ་དག་དོན་གྱི་རྒྱུད་ཅེས་རྗེས་སུ་མཐུན་པ་སྟོང་པ་སྤྱད་པའི་ལེའུ་ལྟེ
297b7 པའོ།། །། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀུན་ལ་འདུག་པ་རྣམ་དག་སྟོན་པའི་རྒྱུད་ཅེས་བྱ་བ་རྫོགས་སོ།། ། ཕྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། བོད་ཀྱི་སྦ་བ་སླར་གྱི་ལོ་ཙྪ་པ་ག་ཡུ་སྒྲ་སྙིང་པོས་བསྐུར་ཅིང་གཏན་ལ་ཕབ་པའོ།།
iiif viewer powered by OpenSeadragon
297a - 298a