e-texts navigator
Collection
Volume
Page
Wylie

297a1 ས་བརྒྱ་མཚན་མའི་གནས་ཀུན་སྒྲིབ་པ་མེད།། སངས་རྒྱས་རྣམ་གྲོལ་སེམས་དཔའི་ཡུལ་ཀུན་འག། མཱ་རྟག་ལྡག་བསྐུལ་སྟོང་ཞིང་བདག་མེད་པས།། དེས་བྱས་བྱང་པོའི་མ་ཚོགས་མ་རྗེས་པས།། དོན་འདིག་ཏན་ཚོགས་ཀུན་ས་གཞག་པར་དཀའ།། བེན།
297a2 དང་ཆགས་དང་བྲལ་དང་ཞི།། དངོས་པོ་མེད་དང་རྣམ་པར་ཡངས།། བདུད་རྩི་ཆེན་པོའི་རང་བཞིན་ལ།། བཟའ་བའི་ཐབས་ལ་རག་པ་མེད།། ཡངས་སོ་ཆེའོ་ཆོས་ཆེན་པོ།། ཆུང་ངུ་རྣམས་ཀྱི་གཉེན་པོ་ཡིན།། ཆེ་ལ་དམིགས་པའི་ཚེ་སྐམ་ན།། ཆུང་ཆེ་དེ་རྣམས་དམིགས་དང་བྲལ།
297a3 གསུངས་དང་རྒྱས་དང་དམིགས་དང་སྣང་།། སྒྲ་མཁན་རི་མོའི་རྣམ་པ་བཞིན།། འབྱུང་འཇུག་ཡེ་ཤེས་བྱེད་ཐུགས་ཀྱིས།། དེ་ཡི་དབང་ལས་སྐྱེ་བར་འགྱུར།། འདི་ནི་ཐེག་པ་ཀུན་གྱི་རྒྱལ།། བཏང་ངོ་བཞག་གོ་རང་བཞིན་གྱི།། འདོད་པ་མེད་ཅིང་ལེན་པ་མེད།།
297a4 ཐོད་པ་རྡུལ་ཙམ་མི་སྐྱེ་ཞིང་།། ཁྱུང་ཆེན་ནམ་མཁར་ལྡིང་བ་ལྟར།། སྤྲོ་བ་མེད་ཅིང་བསླབ་མེད།། ཐམས་ཅད་ཡུལ་ཀུན་འཇུག་པས་ན།། གཏོར་བ་མི་དགོས་བཟའ་བ་མེད།། རྒྱ་མཚོ་བཞིན་དུ་ཡེ་གནས་ལ།། ཆོས་རྣམས་སྣ་ཚོགས་འབྱུང་བར་བྱེད།། ཡོན་ཏན
297a5 ནམ་མཁའི་མཐའ་དང་མཉམ།། བསྡུ་བའི་གནས་སུ་ངེས་པ་མེད།། བྱང་ཆུབ་སྙིང་པོར་དེ་མ་ཐག། ཏིང་འཛིན་རྒྱལ་པོ་ཆེན་པོ་འབྱུང་།། སྣང་བ་རྒྱ་མཚོ་ཆེན་པོ་བཞིན།། མི་རྟོག་ནམ་མཁའི་མཐའ་ལྟུང་ཡངས།། ཀུན་ཏུ་བཟུང་པོའི་སྤྱོད་ཡུལ་ལ།། སྐྱེ་ཞིང་འཚོ
297a6 པའི་ཆོས་མེད་དེ།། ཆུ་རྐྱེན་ཡན་ལག་བཅུ་གཉིས་སོ།། སྐུར་པ་བཏབ་ནས་བཤད་པ་ཡིན།། འཁྲུལ་པ་རྣམས་ཀྱི་སྒོ་ཙམ་དུ།། མཁས་པས་དེ་བཞིན་ཤེས་པར་གྱིས།། འགྲོ་བ་རྒྱུད་དྲུག་སྣང་བ་ཡང་།། དང་པོའི་ལམ་དུ་ཤེས་པར་བྱ།། འདོད་སྤྱོད་སྟོང་རྗེས་བརླན་པོས་ན།། གང
297a7 དྲ་དགའ་བར་བྱང་ཆུབ་སྤྱོད།། བཤན་པ་སྨད་འཚོང་མཚམས་མེད་ལྔ།། ཁ་ན་མ་ཐོ་འཇིག་རྟེན་སྤོང་།། ཡོངས་སུ་རྫོགས་པ་ཆོས་ཀྱི་རྩེ།། བདེབ་ཆེ་ལས་གཞན་མེད་དོ།། རྣམ་པར་མི་རྟོག་སྙིང་པོའི་མཆོག་ཡོངས་ཀྱི་རྒྱུད་གསལ་སྦས་པ་མེད།། མི་ལེན་བྱང་ཆུབ་སྤྱོད་རྣམས་ལ།།




iiif viewer powered by OpenSeadragon

296b - 297b

Texts on this page

Gdg005.21 - rdzogs pa chen po byang chub kyi sems / kun la 'jug pa rnam dag ston pa'i rgyud