e-texts navigator
Collection
Volume
Page
Wylie

296b1 དཔེ།། དགོངས་པར་བཅས་པ་གཏན་ལ་འབེབས།། འདི་ཉིད་ཐེག་མཆོག་གསང་བའི་རྒྱུད།། རུས་གསུམ་སངས་རྒྱས་ཀུན་གྱི་བཀའ།། ངོ་མཚར་ཕྱག་རྒྱ་འདའ་དཀའ་བས།། ངེས་དོན་གསང་མཆོག་གཟུང་བར་གྱིས།། ཞེས་རྒྱ་ཆེར་བསྟན་ཏོ།། རྫོགས་པ་ཆེན་པོ་ཆོས་ཉིད
296b2 བྱང་ཆུབ་ཀྱི་སེམས་ཀུན་ལ་འཇུག་པ་རྣམ་དག་སྟོན་པའི་རྒྱུད་ལས། སངས་རྒྱས་ཀུན་གྱི་སྙིང་པོ་ཕྱག་རྒྱའི་ལེའུ་སྟེ་བཞི་པའོ།། །། དེ་ནས་ཐམས་ཅད་འདུས་པའི་ཚོགས།། སངས་རྒྱས་ཀུན་གྱིས་དབང་བསླང་བས།། ཕྱོགས་འདུད་པ་ཡི་དགའ་བདེ་ཡིས།། རང་གི་སྟོན་པ
296b3 མཉེས་པར་མཛད།། ཨེ་མ་བདེ་གཤེགས་སངས་རྒྱས་ཀུན།། རང་བཞིན་དངོས་རྣམས་མ་གྲུབ་པས།། སངས་རྒྱས་དཀྱིལ་འཁོར་རྣམ་པར་འཕྲུལ།། དེ་ཡི་མཚན་མཱ་ཡ་མཚན་ཆེ།། དོན་ཀུན་རབ་ཏུ་སྒྲུབ་པ་ཡི།། གསང་བའི་སྤྱོད་པ་ཇི་ལྟར་སྐད།། དེ་བཛིན་གཤེགས་པ
296b4 དགྱེས་ཆེན་པོ།། ཀུན་ཏུ་སྤྱན་དྲས་དབང་ཕྱུག་གིས།། ཀུན་བཟང་ཡུམ་དང་འཁྲིལ་སྦྱོར་ཞིང་།། བྱང་ཆུབ་སེམས་ཀྱི་སྤྱོད་པས་རོལ།། ཐབས་དང་ཤེས་རབ་ཁྱད་པར་གསང་བའི་མཆོག། རང་གི་ཡུམ་མཆོག་འཁྲིལ་པས་སྤོར་བྱས་ཏེ།། དོན་ཀུན་གསང་བའི་མཆོག་ཏུ་དགོངས
296b5 སྤྱོད་པས།། ཉེ་བར་བསྟན་པའི་ཆ་ཤས་ཡོངས་སུ་རྫོགས།། བདེ་བ་འདོད་པས་བདེ་བ་རྒྱབ་ཀྱིས་ཕྱོགས།། བདེ་བ་ཟིན་ཏེ་བདེ་བས་བདེ་བ་འཚོལ།། བྱང་ཆུབ་འཁྲུལ་པས་ཡེ་རྔམ་ཆོས་ལ་གཟའ།། དེ་ལྟ་བུ་ཡི་ཡུལ་ཅན་སངས་རྒྱས་མཐོང་བ་ཡིན།། སངས་རྒྱས་མེད་པས
296b6 སངས་རྒྱས་མིང་ཡང་མེད།། སངས་རྒྱས་སྟོན་པ་མིང་དུ་བཏགས་པས་ནོར།། སངས་རྒྱས་གཞན་ནས་ཐོབ་བྱེད་ནོར་བའི་ལམ།། གཟུགས་མེད་ཆོས་ཀུན་བཤད་པ་རྡུལ་ཆ་མེད།། ཁམས་གསུམ་ཡེ་ཤེས་ཆ་ལུགས་རྣམ་བཀོད་པས།། གནས་གལྡེམ་མི་གཉིས་ཐམས་ཅད
296b7 བརྩོན་པར་བྱེད།། རབ་ཏུ་དཀའ་བའི་ཐབས་ཀྱིས་སྟོབས་རྫོགས་ན།། མི་བཙལ་བདེ་བའི་ཆོས་རྣམས་སེམས་ལས་བྱུང་།། གཉིས་སུ་མེད་པ་ལྟ་སྤྱོད་གསགས་པའི་གཞི།། བསྒྲུབ་པའི་དངོས་གཞི་དོན་ཀུན་རྣམ་པར་འཇུག། རྣལ་འབྱོར་འདི་དག་ཐེག་པར་རང་བརྩོན་བྱེད།།




iiif viewer powered by OpenSeadragon

296a - 297a

Texts on this page

Gdg005.21 - rdzogs pa chen po byang chub kyi sems / kun la 'jug pa rnam dag ston pa'i rgyud