| | e-texts navigator
|
296a1 པའི་དྲ་བས་བསྒྲིབས།། མི་འགྱུར་ཆགས་པའི་གནས་མེད་པར།། སུ་དག་གང་གིས་ཆོས་དོན་གཉེར།། ཐམས་ཅད་བྱང་ཆུབ་སེམས་ལས་སྐྱེས།། གཟུང་དང་འཛིན་པ་ཀུན་སྤངས་པའོ།། རང་བཞིན་བདེ་བས་ཀུན་བསྐྱོད
296a2 དབྲེགས་པའི་བྱེང་པོ་ནར་པ་འབྱུང་།། ཆ་འདིང་མངོན་དུ་ཀྱང་འདོད་པས།། འབྲས་ཐམ་མཐནམ་གྱུང་བྱེད།། རྡུ་ལ་འཇུག་པ་འདི་དགགང་།། སེམས་ཀྱི་གནས་ལ་པའོ།། མངོན་སྔམཐོབ་པར་འདོད་པ་རྣམས།། དེ་དུ་སྟོ
296a3 པའི་གཟུངས།། གཉིས་མེད་ཡེ་ཤེས་ཐུགས་གསང་བ།། མགོས་སྤྱོད་པའི་ཡུལ་གྱིས་མིན།། རྫོགས་པའི་ཆོས་ཉིད་གཤེགས་པའི་ཆོས།། སྣ་ཚོགས་ངོ་བོ་མཐར་ཕྱིན་པས།། བྷ་བ་ཙལ་བསྔོ་བའི་རྒྱུ་རྣམས་ཀྱང་།། ཀུན་ཏུ་ཁྱབ་པའི་ཆོས་གྲཝ་ཉིད།། དེ་ཡི་མཛད་ཚོགས་སྒྲ་རྣམས་ལས།།
296a4 སཾ་སཾ་འི་རྣམ་བཅས་ཐ་དད་པས།། བྱ་བ་ཐམས་ཅད་རབ་ཏུ་རྫོགས།། འདི་ལ་བསྟན་པར་བྱ་བ་དང་།། གཞག་ཅིང་དབྲི་བའི་ཆོས་མེད་དེ།། ཕྱི་ནང་ཡུལ་ལ་བལྟས་བྱས་ན།། སེམས་ཉིད་ཟག་མེད་ཡེ་ཤེས་ཆེ།། དེ་བཞིན་མཐའ་ལས་དེ་དག་འཇུག། སེམས་དཔའ་ཆེན་པོའི་འབྲས་བུའི
296a5 བཞི།། ཐབས་ཀྱིས་ཉམས་སུ་མྱོང་བའི་དུས།། ནང་གི་བདེ་བ་ཕྱི་ཡི་ཆོས།། དེ་བཞིན་དེ་ཡི་གནས་སུ་གཞི།། དེ་ལས་ཕྱག་རྒྱའི་བདེ་བ་འབྱུང་།། ཆོས་ཀྱི་རོལ་པའི་ཡུལ་ཚོགས་ཀུན།། ཉམས་ཀྱིས་དེ་ཡི་སྟོབས་མཚུངས་ཏེ།། ནོར་བས་འཁྲུལ་བའི་བློ་བསྐྱེད་ཀྱང་།། རང་བཞིན་ཡེ
296a6 ཤེས་ཉམས་པ་མེད།། དངོས་འདི་བྱང་ཆུབ་སེམས་རྒྱ་ཆེན།། རང་བྱུང་ཆེ་བའི་སྙིང་པོ་ལས།། དུས་གསུམ་ཀུན་ཏུ་རི་བཞིན་གནས།། རབ་ཏུ་རྟོགས་པའི་དཀྱིལ་འཁོར་རྒྱས།། རྣལ་འབྱོར་དེ་ཡི་ཆོས་འདོད་པས།། དེ་བཅས་ཚུལ་ནི་ཉམས་པར་བྱེད།། དགའ་བའི་རྣམ་གྲངས་སོ་སོར
iiif viewer powered by OpenSeadragon
295b - 296b