e-texts navigator
Collection
Volume
Page
Wylie

294a1 ཡེ་ཤེས་ཡུལ་བཅས་འབྱུང་བར་ཙ་ལ།། བྲན་གྱི་དང་སྐྱོང་ཆེན་པོ་ཡིས།། དན་འདི་རྗེ་གཅིག་སྒོམ་བྱེད་ཅིང་།། ནང་གི་ཆོས་ཀུན་འགགས་པའི་དོན།། དེ་ལས་དེ་བྱུང་མཐར་བྱེད་ཅིང་།། ནཱ་མཅོལ་ཞི་བས་ཕྱོགས་གཅིག་གནས།། རང་བཝཱན་ཡ་ཤས
294a2 ལས་ཉམས།། བློ་རྒྱུད་རྣམ་པར་ཉམས་པས་འཁྲུལ།། ཕྱི་རོལ་ལས་ནང་ནང་ལས་ཕྱི།། ཐེག་པའི་མཆོག་གིས་གྲོལ་འདོད་པས།། དེས་ན་ཉེས་པས་ཀུན་ཏུ་འཆིང་།། འདི་དག་སྟོང་དང་མི་སྟོང་ཞེས།། རྟག་ཆད་བདེ་སྡུག་མཚན་མས་ཆགས།། མི་མཐུན་རྣམ
294a3 པར་རྟོག་པའི་ཡུལ།། ཇི་བཞིན་ཆོས་ཀུན་ངོ་བོར་འཛིན།། དེ་ལས་དེ་ཡི་ཡུལ་བཅས་རྟོག། ཐབས་རྣམས་ལ་སྤྲུལ་པའི་མཐར་འཛིན་པས།། ཡུལ་མེད་དངོས་ཀུན་མ་རྫོགས་འཇུ།། བྱ་བདག་ལས་ཚུལ་འདི་རྩེ།། མཛེ་རིས་བྱམས་པའི་གནས་བགྲོད་ཅིང་།། དེ་རྒྱ་ཟར་པའི་ཆོས་བ
294a4 པས།། མ་རིག་གནས་སུ་འདི་རྒྱུད་ཆོས།། བདག་དང་བཅས་པའི་གནས་ཀུན་འཇིག། འཇིག་རྟེན་ལས་འདས་མི་མཐུན་སྟོབས།། འཁྲུལ་ཚོགས་སྡུག་བསྔལ་སྐྱེ་བའི་རྒྱུན།། རྒྱུ་འབྲས་གཉིས་ཚོགས་མཐར་འཛིན་དམིགས།། ལམ་མེད་ཕྱོགས་ཀྱི་གནས་བགྲོད་པས།། ལམ
294a5 པའི་ཉེས་ཚོགས་ནད་ཆེན་རྣམས།། དུས་གསུམ་སྒྲིབ་པའི་འཁྲུལ་རྟོག་རྐྱེན།། འཇིག་རྟེན་མཚན་ཉིད་ཤེས་དཀའ་བས།། དགོས་དོན་གསལ་བ་ཀུན་གྱི་ཡུལ།། རང་གི་མཐར་འཛིན་དམན་པའི་ཤུགས།། དམ་བཅས་འཇིག་རྟེན་སྒྲོལ་བ་སྟོབས།། དེ་མེད་དེ་ཡི་རྒྱུ་འབྲས
294a6 ཐོབ།། མཐའ་བཞིར་སྤྱོད་པའི་ཚུལ་འབྲས་ཤིང་།། མགོས་བྱུང་ཚོར་བསྟན་པའི་སྒོ།། མཐའ་དབུས་ཕྱོགས་སུ་ལྟོས་པའི་ཡུལ།། རབ་ཏུ་དགའ་བ་ལ་སོགས་འབྲས།། སྦྱིན་སོབླ་སྟོབས་ཀྱིས་བགྲོད་པའི་མཐུས།། རང་གི་ཡེ་ཤེས་གནས་ཀུན་དག།། ཕ་རོལ་ཕྱིན་སོགས་ས
294a7 བརྙེས་པའོ།། ཐབས་མཁས་ཤེས་རབ་རྣམ་པར་སྦྱངས།། རྒྱ་ཆེན་ཟབ་མོ་སྔགས་ཀྱི་ལམ།། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཚོགས།། སངས་རྒྱས་འཁོར་བཅས་ཀུན་གྱི་མཛོད།། རྟོག་པའི་ཆོས་རྣམས་སྡང་བྱེད་པའོ།། མྱ་ངན་འདས་པར་ཀུན་རྫོགས་ཆོས།། ཐབས་འདི




iiif viewer powered by OpenSeadragon

293b - 294b

Texts on this page

Gdg005.21 - rdzogs pa chen po byang chub kyi sems / kun la 'jug pa rnam dag ston pa'i rgyud