e-texts navigator
Collection
Volume
Page
Wylie

293b1 འཁོར་བ་མྱ་ངན་འདས།། ཐབས་ཀྱི་གར་ཚོགས་ཡུལ་ཀུན་ཉིད།། བདེ་བའི་ཆུ་ལུགས་མ་རྨོངས་པ།། རིགས་ཚོགས་གསང་བའི་ལྷ་ཉིད་དོ།། ཁམས་གསུམ་དངོས་གྲུབ་ལྷག་པའི་གནས།། རང་བྱངས་ཡི་རྟགས་ལས་གྱེས།། དོན་ཀུན་\ུ0f7fག
293b2 དཀྱིལ་འཁོར་ཚོགས།། སེམས་དཔའ་རང་རིག་ཀུན་ནས་འཇུག། ཇི་ལྟར་དོན་ཀུན་རང་བཞིན་བཅས།། ཕྱི་ནང་ཆོས་ཀུན་རྣམ་པར་དག། མེད་པས་ཕྱོགས་སུ་དམིགས་པའི་ཡུལ།། ཐམས་ཅད་སྟོང་པའི་མཐའ་རྣམས་སྐྱེས།། མེད་པའི་སྙིང་པོ་གས
293b3 པའི་གཞི།། ཐ་དད་དོན་མིན་དེར་འཇུག་པའི།། དཔེ་འདིས་ཟབ་མོ་སྡེར་བཅས་པས།། དཔེ་ཡི་ཐ་སྙད་གང་དུ་འཇུག། དེ་དག་རྟག་ཆད་སྟོང་པའི་ཡུལ།། སྒྲོ་སྐུར་མིང་ལས་མཐའ་རྣམས་གནས།། མ་འདྲེས་གསང་བའི་ཐིག་ལེ་ཆེ།། བསླབ་མེད
293b4 མི་མཐུན་གནས་ལས་ལྕེས།། མི་བསྐྱོད་ཀྱི་ནང་མེད་པར་འཕེལ།། མ་བགྲོད་ལམ་ཀུན་ས་ཡི་དབྱིངས།། ནམ་མཁའི་དཀྱིལ་འཁོར་ཇི་ལྟ་བར།། འབྱུང་ཚོགས་མ་འདྲེས་བཀོད་པའི་སྒོ།། ཐེག་པ་ཐམས་ཅད་གསལ་བྱེད་པ།། ཐུགས་རྗེ་ཆེན་པོས་འཇིག་རྟེན
293b5 འདྲས།། དྲན་པའི་གནས་ཀུན་བསྐྱེད་པའི་ཕྱིར།། དངོས་འདི་དངོས་པོ་གསལ་བྱེད་པའོ།། བྱ་བྲལ་ཡུལ་ཀུན་རྣམ་པར་གནས།། ཐབས་ཀྱི་རྫས་ཀུན་སྣང་བའི་ཚོགས།། གང་དག་ཟིན་པས་དེ་ཡི་མཐའི།། མྱ་ངན་འདས་པའི་ལམ་ཀུན་སྤྱོད།། བདེ་བ་ཆེན
293b6 པོའི་འཇུག་པ་ནི།། འབྲས་བུ་འདོད་པ་མེད་པའི་དབྱིངས།། དེ་ཡི་མཐུ་ཀུན་ཡུལ་སྤྱོད་པས།། ཡང་དག་དཀྱིལ་འཁོར་གསལ་མི་འགྱུར།། ཕྱི་རོལ་ཡུལ་ཚོགས་འདུས་པའི་བདག། རྡུལ་ཕྲན་གང་བུའི་མཚན་ཉིད་ཅན།། མ་བྱས་མཚན་མ་མེད་ཆོས་རྟགས།།
293b7 མཁའི་དབྱིངས་བཞིན་ཕྱོགས་བཅུར་བརྡལ།། བཟའ་བའི་ཡུལ་མེད་བསམ་བྲལ་རྒྱུད།། རང་གི་ཡེ་ཤེས་གསལ་བའི་གནས།། ཐམས་ཅད་དངོས་ཀུན་སྤངས་པའི་བློས།། ཕྱག་རྒྱའི་དཀྱིལ་འཁོར་གསང་དང་བྲལ།། འབྱུང་འཇུག་རེས་ཀྱིས་འཁྱིལ་པ་ལས།།




iiif viewer powered by OpenSeadragon

293a - 294a

Texts on this page

Gdg005.21 - rdzogs pa chen po byang chub kyi sems / kun la 'jug pa rnam dag ston pa'i rgyud