e-texts navigator
Collection
Volume
Page
Wylie

291a1 ཉིད་མངོན་སུམ་གནས་པ་ལ།། གྲིབ་མ་གཟུགས་ཀྱི་དཔེ་བཞིན་དེ་ལ་རྟོག་པ་འབྱུང་།། མེད་དེ་མེད་པ་མ་ཡིན་མེད་པའི་སྙིང་པོ་འབྱུང་།། སྟོང་སྟེ་སྟོང་པ་མ་ཡིན་སྤྱོད་པའི་ཡུལ་ལ་གནས།། ནམ་མཁའི་རང་བའ་ན
291a2 དེ་ལས་འབྱུང་བའི་དྲན་པ་བསྐྱེད།། བྱེ་བྲག་འཛིན་པའི་བདེ་བ་འདོད་པ་མེད་པས་ལེན།། ཆོས་ཉིད་ཆོས་ཚོགས་གང་དག་རྒྱུད་འཛིན་པའི།། ཀུན་ཏུ་མ་གཡོས་ཕྱོགས་རྣམས་སྒྲུབ་བྱེད་ཆོས་སྣང་བ།། དོན་ཀུན་ཕྱག་རྒྱ་རྒྱ་མཚོའི་གཞིར
291a3 གྱུར་གསང་བའི་ཡུལ།། ཐམས་ཅད་རྣམ་པར་མི་བསྐྱོད་དཔེ་ཡི་ཚོགས་རྣམས་བརྗོད།། རང་བྱུང་ངོ་མཚར་གཏན་ཚིགས་ཡུལ་ཐལ་མེད་པའི་མིག། སྣང་མེད་རྟོག་པའི་རྒྱུད་ཀུན་དོན་སྟོང་གསང་སྔགས་ཆེ།། གང་གིས་གང་ལ་དངོས་ཅན
291a4 མཐར་འདོན་དེ་ཡི་ཆོས།། ཐ་སྙད་གྱུད་ལས་ཐམས་ཅད་འདས་པའི་དོན་གསལ་བ།། ཐོས་ཤིང་དཔྱོད་པས་རྣམ་མཁྱེན་ཕྱག་རྒྱ་སྔགས་ཀྱི་ཀླུང་།། མདུད་པའི་སྦུབས་དེ་དག་ཆུ་བཞིན་འཁྲུལ་པའི་རྫས།། ཚོགས་མེང་མཐའ་འདས་བསོད་ནམས་ལས
291a5 ཆེན་པོ་མཆོད།། ཡོད་སྡང་མེད་པའི་ཁམས་ཀུན་བདེ་བར་རང་བྱུང་ཞིང་།། བཙལ་སེམས་སོ་སོའི་དཔེ་འདས་དབྱེ་བས་ལ་དེ་ཉིད་མེད།། འདས་དང་ད་ལྟར་མ་འོངས་དེ་ཉིད་དེར་སྣང་བས།། དེ་ཡི་ཆོས་ཀུན་མཁྱེན་པས་དོན་འདིར་སྟོན།། བདེན་ཞིང་མིང་དང
291a6 སྐད་ཏོ། འི་མྱཐའ་འགགས་བྱའོ།། འདི་དག་རང་བཞི་དང་བྱེར་མེད་ཆོས་པའི་སྣང་བ་ཉིད།། སེམས་ཀྱི་ཐ་སྐད་དོན་ཀུན་དཀྱིལ་འཁོར་ཆ་ཤས་དག། དམིགས་པའི་ཡུལ་རྣམས་ཐུབ་མོའི་དགོངས་འཇུག་ཏོགས་དཀའི་ཆོས།། ཤེས་པ་ཙམ་དུ
291a7 སྨན་པ་ནང་ལ་དངོས་འཛིན་ཅེས་རྟོག་ཀུན།། དེ་མེད་མི་འབྱུང་དེ་ལས་མཐའ་ཡི་སྤྱད་སེལབ།། ཐམས་ཅད་རྟག་དང་ཆད་པའི་སྲབ་ཕྱོགས་པ་འཁོར།། ཡུལ་སེམས་སོ་སོའི་རྟེན་འབྲེལ་གཅིག་ལས་གཉིས་ཚོགས་སྤང་།། རང་བཞིན་མ




iiif viewer powered by OpenSeadragon

290b - 291b

Texts on this page

Gdg005.21 - rdzogs pa chen po byang chub kyi sems / kun la 'jug pa rnam dag ston pa'i rgyud