| | e-texts navigator
|
290b1 ཐུགས་རྗེའི་མཛང་བགང་ཡང་མི་འགོག་པ།། རང་བཞིན་བདེ་བའི་ཡུལ་རྣམས་མཐུན་པས་བསྒྲུབ།། ལྷུན་གྱིས་གྲུབ་ཅིང་བསྐྱོད་ཅིང་བཟླས་པའི་དོན།། ཡེ་ནས་གནས་སོགས་གཞན་དུ་རྩོལ་བའི་ཆོས།། བདེན་པ་ཟུང་དུ་འཇུག་པའི་ངང་ཚུལ་བཟང་།།
290b2 གང་ལས་གང་ལྟར་དེ་དག་དེ་ཡི་གཞི།། འདི་ན་མོས་པ་ཙམ་གྱིས་འཛིན་བྱེད་དག། དོན་ཀུན་གསང་བའི་ཐེག་ཆེན་འབྲེལ་པའི་རྒྱུད།། ཐབས་མཆོག་རྒྱལ་བ་ཀུན་གྱི་བྱིན་རླབས་ཀྱིས།། ཕྲ་བའི་གནས་དོན་དགོངས་པའི་བྱིན་རླབས་ཤུགས།། ཞེས་པ
290b3 དག་པར་ཆ་ཆེར་གསུངས་སོ།། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀུན་ལ་འཇུག་པ་རྣམ་དག་སྟོན་པའི་རྒྱུད་ལས། བསྟན་པའི་དོན་ཞུས་པའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་ཐམས་ཅད་མཁྱེན་པའི་མཆོག་ཀུན་སྟོན་སྙེད་གཙོ།
290b4 ཆོས་ཀུན་སྣ་ཚོགས་དོན་འབྱུང་བརྗོད་པའི་ཚིག་གསང་བས།། རང་བྱུང་བདེ་བའི་གནས་ཆེན་ཀུན་ཏུ་ཁྱབ་མཛད་ཅིང་།། མཛེས་པའི་རིགས་མཆོག་དཀྱིལ་འཁོར་རྒྱ་ཆེར་བཤད་ཅིང་གཟུང་།། མི་གནས་དམིགས་པའི་ཡུལ་མེད་མི་རྟོག་ཆོས་ཀྱི་ལམ།
290b5 བསྔོ་བའི་ཆ་ཤས་ཕྲ་བའི་ཡུལ་ལས་བྱུང་བ་དེ།། རྟོག་བསྒོམ་ཆོས་ཀྱི་སྐུ་ནི་ཁྱད་པར་དོན་མེད་པས།། རང་བྱུང་ཡེ་ཤེས་མི་ཏོག་ཀུན་ཏུ་ཇི་བཞིན་གནས།། ཐབས་ལ་མཁས་པས་ཐབས་ཀྱི་བྱེ་བྲག་སྣ་ཚོགས་ཀུན།། ཐམས་ཅད་གཅིག་ཏུ་འཇུག་པའི་རྒྱུན་ལྡན
290b6 དོན་ཀུན་གསང་།། མ་འདྲེས་ཕྱག་རྒྱ་བསྐྱོད་པའི་ཐ་སྙད་ཐབས་ཀྱི་ཆོས།། ཡེ་ཤེས་རང་གནས་ཤེས་རབ་ཆེ་གཞན་ཀུན་ཏུ་བཙལ།། ངོ་མཚར་མཐོང་བའི་ཡུལ་མེད་དེ་ལ་མཐོང་བའི་མིང། གང་ལ་ཐོབ་པར་མི་རིགས་བསྙད་པ་ཀུན་དང་བྲལ།། ཆོས
290b7 དང་ཆོས་ཉིད་རྟག་ཏུ་འདྲེས་ཤིང་དབྱེར་མེད་ལ།། དོན་དམ་ཆོས་གཞན་ལྷག་པར་བསྟན་ཅིང་བཟུང་བ་མེད།། འཁྲུལ་དང་བྱང་ཆུབ་ལ་མ་དེ་རྟོག་པས་ཐོབ་པ་མེད།། རང་བྱུང་ཡེ་ཤེས་ཉིད་ཀྱང་ཚིག་གི་མཐའ་དང་བྲལ།། ཡེ་ནས་སངས་རྒྱས་བདག
iiif viewer powered by OpenSeadragon
290a - 291a