e-texts navigator
Collection
Volume
Page
Wylie

290a1 ན་སྨྲ།། ད་པར་མེ་ག་པ་མེ་པ་སྨོས།། སྨད་པ་ས་ང་གསུ་པབས་ན།། ས་པདས་སྣརུ་མས་ཕུལ་མ་དུག་དང་། དནམ་འམིགས་གས་གྶག་སློབ་དག། འོག་པ་ག་ཐར
290a2 པའི་ཉེས་རྟོགས་ནམ་མང་བ།། སྒོ་འདྲོགས་སླར་འདེབས་ཡང་དག་དོན་ལས་ཉམས།། མཉམ་པ་ཆེན་པོའི་དབྱིངས་སུ་ལ་བཟླའ་ཞིང་།། བློ་དམན་ཐེག་པའི་གོལ་རྨི་བ་རྣམ་པར་དང་།། རྒྱུ་འབྲས་རིགྲ་འཛིན་སྔར་ཡང་འཁྲུལ་པའི་ཚོགས།
290a3 ལས་ཀུན་བསྐྲོད་པའི་མཐས་འཆིང་བྱིན་པ་མེད།། གཉིས་ཀྱིས་གཉིས་བསྐྱེད་གཉིས་སུ་གྲུབ་པའི་ཆོས།། ཅོལ་བཟླས་མཐའ་བསྐྱོད་དོན་ཀུན་ཕྱག་ཏུ་འཇིག། གདམས་ངག་དམ་པ་སྟོན་པའི་མཛོད་ནས་བྱུང་།། ཀུན་རྫི་མཚན་ཉིད་དམིགས་པར་དཀའ་བ།
290a4 ཆོས།། ཡོན་ཏན་རིན་ཆེན་ཚོགས་རྣམས་ཐམས་ཅད་འབྱུང་།། དེ་ཡི་གནས་འགྱུར་སངས་རྒྱས་ཀུན་གྱི་ཡབ།། དམིགས་མེད་ཐུགས་རྗེ་རང་ལས་ཀུན་སྣང་གསལ།། མ་ལུས་མཐའ་རྣམས་ཡེ་ནས་ལྷན་གྲུབ་ཅིང་།། ཇི་བཞིན་ཆོས་ཀུན་མ་བཅོས་ལྷག
290a5 བཞག་ཅིང་།། ཕྱོགས་ཆུ་ལྷུན་གྲུབ་རང་བྱུང་ཡེ་ཤེས་དྲངོས། ཟུང་འཛིན་རྣམ་དག་བསྒོམ་པའི་གྲོལ་བ་ཡང་།། དམིགས་བྲལ་ཏིང་འཛིན་ཉམས་སུ་མྱོང་བ་གང་།། ལྟ་བ་མེད་པའི་སྤྱོད་པས་མི་གྲོལ་ཚུལ།། གཞན་ནས་འདོད་པའི་འཁྲུལ་པས་འདོད
290a6 པ་བསྒེག། གཞན་ནས་ཐོབ་པར་འདོད་པས་གོལ་བའི་ལམ།། ཐེག་གཞན་དང་བརྩོན་སྤོང་བས་དོན་མི་རྙེད།། ཐབས་ཀྱི་མཚན་ཉིད་ཆེ་བའི་ཆོས་སྤྱོད་པས།། གསང་སྔགས་ཀྱི་ནང་སྤྱོད་པས་གོལ་བར་འཇུག། སྤང་བླང་དབྱེར་མེད་མཐུན་འདུག་དཔེ་དང
290a7 བཅས།། དཔེ་ཡིའི་ཟད་པས་ཡང་དག་དོན་གསལ་བྱེད།། འབྲས་བུ་རང་ཆས་གནས་པའི་ཚུལ་འཛིན་ཅིང་།། ངོ་བོ་རང་བྱུང་བྱང་ཆུབ་སེམས་ཀྱིས་བརྒྱན།། སྣང་སྲིད་རྟོག་ཚོགས་བྱང་ཆུབ་གཞན་ན་མེད།། འདི་དོན་དུས་ཀུན་འགྱུར་མེད་ཤེས་པའི་འོ།།




iiif viewer powered by OpenSeadragon

289b - 290b

Texts on this page

Gdg005.21 - rdzogs pa chen po byang chub kyi sems / kun la 'jug pa rnam dag ston pa'i rgyud