| | e-texts navigator
|
28b1 ལག་ནན་རྗེ་ཞེས་པ་ནས།། ཆོས་ཀྱི་རྒྱལ་པོ་ཕན་ཡན་ལཿ།། ཞེས་རྦ་དྷ་རྦ་ཞེས་པ་ནས།། \ུ0f88\ུ0f90རཱག་ཏུ་སྐྱུགས་ཀྱི་ལྡང་།། དེ་ནས་དཔལ་ལྡན་ཞེས་པ་ནས།། ཀུན་བཤད་ཡན་ཆད་རྗེས་སུ་ཡི་རང་ལྡེཿ།། དབང་བསྟན་རྣམ་པ་གསུ་མ་སྟེ།། དམིགས་པ་།
28b2 བྱ་བའི་ཡུལ་དང་ནི།། ཉམས་སུ་བླངས་པའི་ཐབས་དག་དང་།། ཉམས་སུ་བླངས་པའི་འབྲས་བུའོ།། དམིགས་པའི་ཡུལ་ལ་རྣམ་གསུམ་སྟེ།། སྡུད་པའི་འཁོར་ལ་དམིགས་པ་དང་།། སྟོན་པ་ཉིད་ལ་དམིགས་པ་དང་།། རིགས་དྲུག་འབྲས་བུ་ལ
28b3 དམིགས་པའོ།། ཉམས་སུ་བླངས་ཐབས་ལེའུ་དགྲ།། ཉམས་སུ་བླངས་པའི་འབྲས་བྲལ།། རྣམ་པ་གཉིས་སུ་ཤེས་བྱ་སྟེ།། བསྒྲུབ་དང་བཤད་པའི་འབྲས་བུའོ།། བསྒྲུབ་པའི་འབྲས་བུ་ཡན་ཡོན་ལེའུ།། བཤད་པའི་འབྲུས་བུ་རྗེས་ཡི་རང་བའི
28b4 ལེའུའོ།། འཕགས་པ་འཇམ་དཔལ་གྱི་བཤད་རྒྱུད་རིན་པོ་ཆེའི་ཕྲེང་བ་ལས། ལེའུའི་སྐབས་ཕྱེ་བའི་ལེའུ་སྟེ་དྲུག་པའོ།། ། བཅོམ་ལྡན་འདས་ཀྱིས་བཀའ་སྤྲུལ་པ།། གསང་བའི་བདག་པོ་སེང་ཉིན་ཅིག། ཡེ་ཤེས་དྲུག་གཱི་ལེའུ་བསྟན་པ་ནི།། དེའི
28b5 འཐུང་བ་བཤད་བྱབ།། འཁོར་འདས་ལམ་དང་འབྲས་བུའི་ཆོས།། ཀུན་གྱི་ཆ་བར་གྱུར་པའི་ཕྱིར།། རྩ་བྱ་བྱང་ཆུབ་སེམས་ཀྱི་ལེའུ་བཤད།། གཏི་མུག་ཅེས་དབྱིངས་ཡེ་ཤེས་ཏེ།། རབ་ཏུ་བྱེ་བའི་རྣམ་གྲངས་ཀུན།། གཏི་མུག་གཉེན་པོ་ཡིན་པའི་ཕྱིར།། ཆོས་དབྱིངས
28b6 ཡེ་ཤེས་ལེའུ་བཤད།། ཞེ་སྡང་མེ་ལོང་ཡེ་ཤེས་ཏེ།། རྟོགས་པས་སྤྱན་མོངས་མ་ལུ་ཨུ་འདོ་ནས།། འདོམས་ཀྱི་དྲག་པོའི་སྒྲ་འིས་བཤད།། འདོད་ཆགས་ངན་རྟོགས་མི་ཤེས་ཏེ།། སྤྱི་དང་རང་གི་མཚན་ཉིད་རྣ་ནས། མཁྱེན་མདག་ཙོ་ཆེར་བཤད་པའི་ཕྱིར།། སོ་སོར
28b7 རྟོགས་པའི་ལེའུ་བཤད།། ང་རྒྱལ་མཉམ་ཉིད་ཡེ་ཤེས་ཏེ།། རིན་ཆེན་ཡོན་ཏན་རིགས་ཡིན་པས།། ཡོན་ཏན་ཆབ་གཅོར་སྟོན་ཕྱིར།། མཉམ་ཉིད་ཡེ་ཤེས་ལེའུ་བཤད།། ཕྲག་དོག་བྱ་གྲུབ་ཡེ་ཤེས་ཏེ།། སེམས་ཅན་ཀུན་གྱི་དོན་བྱེད་པས།། མཛད་བརྒྱ
iiif viewer powered by OpenSeadragon
28a - 29a