| | e-texts navigator
|
289a1 ཀྱི་གཅ་བོར་གྱུར་པ་དག། རྒྱུ་འབྲས་ཆོས་ཀུན་རྣམ་པར་སྤོང་བྱེད་ཅིང་།། རང་གི་མཚན་བརྗོད་སྟོན་པའི་དོན་ཇི་ལྟར།། སངས་རྒྱས་མཐུ་ཡིས་ཕྱོགས་རྣམས་འཁོད་པར་འགྱུར།། ཡེ་ནས་རང་བཞིན་མ་བཅོས་དཀྱིལ་འཁོར་ཆེ།
289a2 དེ་ཉིད་གཙོ་བ་དེ་ཉིད་འཁོར་ཀྱི་ཚུལ།། འབྱུང་རྗེན་ས་རྒྱ་མེ་ཆུང་ནམ་མཁའ་ལས།། རང་བྱུང་རིགས་ཚོགས་དཀྱིལ་འཁོར་རྟེན་དང་གནས།། འགྲོ་བའི་ལམ་ཀུན་འཕྲུལ་པའི་མཐུ་མཚུངས་པས།། བརྟན་གཡོ་དེ་བཞིན་ཐབ་མཐར་བྱིན་པའི།། རང
289a3 སངས་རྒྱས་པདྨའི་སྙིང་པོ་ཅན།། གཉིས་སྡུད་གཉིས་མེད་པདེ་ཆེན་ཁྱབ་པའི་དབྱིངས།། སྟོན་པ་གནས་འཁོར་བསྟན་པ་གཉིས་མེད་པའི།། དུས་གསུམ་ཉིད་ན་རབ་ཏུ་མཐར་ཕྱིན་པའི།། ཐམས་ཅད་གཉིས་མེད་བྱིན་གྱིས་བརླབས་ལས་ལྡང་།། དེ་དག་བད
289a4 བ་ཆེན་པོ་ཆོས་ཉིད་དོ།། དེ་ནས་སྟོན་པའི་ཆོ་འཕྲུལ་ཐབས་སྣ་ཚོགས།། གཉིས་མེད་གཉིས་ཀྱི་ཚུལ་དུ་སྣང་བ་ལས།། ཐམས་ཅད་ངོ་མཚར་སྐྱེས་པས་ངོམས་པར་འགྱུར།། བསྐྱོད་ཚིག་གསང་བའི་རྒྱུད་ཀྱིས་གསོལ་བ་གདབ།། ཆོས་ཀུན་རབ་ཏུ་མི་གནས་གན།
289a5 མེད་པའི།། དངོས་ཚོགས་དེ་བཞིན་རང་བྱུང་མ་བཙལ་དབྱིངས།། ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་སྐུ།། ཀུན་ཏུ་བཟང་པོ་སངས་རྒྱས་ཀུན་གྱི་དངོས།། ཁྱེད་ཀྱི་ཆོས་ཉིད་བྱིན་རླབས་བརྟག་དཀའ་བས།། བདག་ཅག་ངོ་མཚར་སྒོ་འདིར་ཐེ་ཚོམ་སྐྱེས།། དེ
289a6 ཀུན་གསང་བའི་ཆོས་ཆེན་འབྲེལ་བའི་ཚུལ།། སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསམ་འདས་པ།། དུས་ཀུན་ཐུགས་རྗེ་དྲི་མ་མེད་པའི་སྤྱན།། མཐའ་བྲལ་བསྟན་པའི་སྙིང་པོ་ཐེག་པ་ཆེ།། དག་པབློ་གྲོས་ཤིན་ཏུ་སྦྱངས་པ་ལ།། ཐུགས་ཀྱི་ཡེ་ཤེས་རྒྱུད་ཆེན་གསང་།
289a7 བའི་མཐུས།། དེ་ལྟར་བདེ་གཤེགས་རིག་ལྔའི་སངས་རྒྱས་ཚོགས།། གཅིག་གིས་གཅིག་ལ་དགའ་བའི་གསོལ་འདེབས་ཤིང་།། རང་གི་མཚན་ཉིད་གསང་དོན་བསྟན་མཛད་ནས།། ཀུན་གྱིས་མཐུན་པར་ཀུན་ཏུ་བཟང་ལ་འདུད།། དེ་དག་བྱིན་རླབས་ངོ
iiif viewer powered by OpenSeadragon
288b - 289b