e-texts navigator
Collection
Volume
Page
Wylie

288b1 ཐམས་ཅད་མཁྱེན།། སྟོན་པ་བདེ་ཆེན་གྲུག་སུམ་གཞན་ཆུང་སྐྱེལ།། ཟུང་འཇུག་དབྱེར་མེད་ཡོན་ཏན་འཕྲུལ་པའི་དངོས།། སྐྲ་གསུང་ཐུགས་མཆོག་ཁྱད་པར་ལྷ་ཡི་ཝ།། སངས་རྒྱས་གཉིས་མེད་དངོས་ཀུན་དུས་གུསམ་ཉིད།། འོག་མེན་ལྡན་ཐ་འཆོ
288b2 གྱི་ལོངས་སྤྱོད་གཞི།། ཞིང་ཁམས་རྣམ་བཀོད་ཡོན་ཏན་ཀུན་སྣ་ཚོགས།། འཇིག་རྟེན་གྲངས་མེད་གཅིག་ཚུལ་བཙལ་མེད་པའི།། དུས་གསུམ་འཕོ་འགྱུར་མེད་པའི་གདནས་མཆོག། ཡེ་ཤེས་མ་འགགས་རིན་ཆེནི་སྣ་ཚོགས་མདངས།། དཀྱིལ་འཁོར་ཀཱནཏྣ
288b3 ཡོངས་མ་ཆད་པའི།། རྒྱན་ཚོགས་འདོད་པའི་ལོངས་སྤྱོད་སྣ་ཚོགས་པར།། ཉིད་ཀྱི་སྣང་བའི་གདན་ཀུན་རྣམ་པར་བརྩེགས།། དེ་བཞིན་གཤེགས་པ་གཟུགས་སོགས་རྣམ་དག་པའི།། ཉོན་མོངས་རྐྱེན་བཅས་དུག་ལྔ་ལ་སོགས་འབྲས།། བདག་པོ་ཡེ་ཤེས
288b4 མཐུ་ལྔའི་ངོ་བོ་ཉིད།། སྒྲ་གསུང་ཐགས་མཆོག་ཡོན་ཏན་ཛིན་ལིས་བརྒྱན།། དྲི་མེ་རྡོ་རྗེ་སྙིང་པོ་འདུས་མ་བྱས།། བདེ་གཤེགས་འཁོར་ལོས་ཐེག་ཆེན་མཚོན་པར་བྱེད།། དོན་གནཱ་རིན་ཆེན་སྣ་ཚོགས་འབྱུང་བའི་གཞི།། ཆོས་རྣམས་རང་བཞིན་པོདྨ་ཆགས་པརྗིད།
288b5 ཕྲིན་ལས་ཐམས་ཅད་རྩོལ་བྲལ་མཐར་ཕྱིན་པ།། རིགས་མཆོག་རྒྱལ་བ་ལྔ་དང་བཅས་པའི་ཡུམ།། དཀྱིལ་འཁོར་དབྱིངས་དང་མཉམ་པར་སྦྱོར་བའི་མཆོག། རིགས་ཀྱི་དཀྱིལ་འཁོར་གྲངས་མེད་རྣམ་སྟོན་ཅིང་།། ཐམས་ཅད་རང་བཞིན་སྤྲུལ་པའི་ཁྱད
288b6 པར་ལྔས། མཐུ་དབང་བྱིན་བརླབས་ཡོངས་སུ་རྫོགས་པའི་ཆོས།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གཙོ།། དཔལ་ལྡན་འཇམ་དབྱངས་བྱམས་པ་དྲི་མ་མེད།། ཀུན་ཏུ་བཟང་པོ་སྤྱན་རས་གཟིགས་དབང་ཕྱུག། ས་སྙིང་ནམ
288b7 མཁའི་སྙིང་པོ་ཉི་ཟླའི་འོད།། རིན་ཆེན་དྲ་བ་བརྩོན་པའི་དབང་ཕྱུག་དང་།། ཕྱག་ན་རྡོ་རྗེ་དགའ་དབང་སྤྱན་གསལ་སྟོབས།། སྒྲིབ་པ་རྣམ་སེལ་ཤེས་རབ་དྲན་པའི་མཆོག། ཐུགས་རྗེ་ཤེས་རབ་འབྲེལ་ཚོགས་ཡུལ་དང་བཅས།། གངས་མེད་རིགས




iiif viewer powered by OpenSeadragon

288a - 289a

Texts on this page

Gdg005.21 - rdzogs pa chen po byang chub kyi sems / kun la 'jug pa rnam dag ston pa'i rgyud