e-texts navigator
Collection
Volume
Page
Wylie

286b1 དེའི་བློན་པ་བྱས།། ཅན་མ་ཤལ་ག་གསལ་བས།། དོན་ཅན་མན་ག་སུན་ཀྱི་བདག། གནགས་ལ་མ་ལང་མཐོང་བས་པས།། རྦ་བྱུ་ན་པ་དག་མ་ལས།། ཆོས་ཉིད་བྱུ་མ་སྨྲ་པ།། རང་བྱུང་གསུལ་བ་མ་གང།། བས
286b2 མདག། འདོད་འཇུག་རིམ་རྡོལ་ཀུན་དང་བྲལ།། བསམ་མེད་རང་བཞག་སྤྱོད་པ་གནས།། སྐུ་གསུམ་གི་པའི་དཀྱིལ་འཁོར་དང་།། ཐུགས་རྗེ་ཉི་མའི་ཟེར་ཤར་ནས།། འགྲོ་འདུལ་སྟོད་པ་ཆེ་བདེར་སྤྱོད།། ཐབས་ཀྱི་རིག་པ་རང་ཤང་ནས།། ཡེ་ཤེས་གས
286b3 བར་འགྲོ་དོན་མཛད།། ཡེ་ཤེས་རང་བྱུང་འདྲེན་སྐུར་ཤར།། སྣ་ཚོགས་སྲུལ་སྒྲ་རིན་ཆེན་ཐོས།། གང་དགེ་དམཱན་པའི་འཁོར་དག་ལ།། གློ་དང་མཐུན་པའི་བསྟན་པ་བཀོད།། འདོད་པའི་བློ་ཡིས་དཔག་མེད་ཀྱང་།། ཐིག་ལེ་གཅིག་ལས་འདའ་བ་མེད།། གྲོབ
286b4 ཡི་ཐེག་པ་རྣམས།། ཡེ་ཤེས་ཐུགས་རྗེའི་སྒྲ་བྱུང་ནས།། རང་ཕྱུང་གཅིག་ལ་བསྟན་པར་ཟད།། རི་མ་འདུག་བློ་ཡི་ཐེག་པ་རྣམས།། འདྲེན་པའི་སྐུ་ཡིས་དྲང་དོན་བསྟན།། ངེས་པའི་ཐིག་གཅིག་སྙིང་པོ་ལ།། འདོད་པའི་ཡནཱ་ལག། ཀུན་དང་བྲལ།། མ་ལུས་བསྟན་པ
286b5 རྣམ་པ་ཀུན།། ཡེ་ཤེས་རིག་པའི་མཁའ་ལ་རྫོགས།། ཞེས་གསུང་སོ།། བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྫོག་པའི་རྒྱུད་ལས། སྤྱོད་པ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་རིག་པའི་རྒྱལ་པོས་རང་བྱུང་རྫོགས་པའི་དཀྱིལ་འཁོར་འདི་གསུངས་སོ།། སེམས
286b6 ཉིད་རང་བྱུང་དཀྱིལ་འཁོར་ནི།། མ་བཅོས་རིག་པ་ལྷུན་གྲུབ་སྟེ།། མཐའ་དབུས་མེད་པའི་གཞལ་ཡས་ན།། རང་འབར་ཡེ་ཤེས་རྫོགས་སངས་རྒྱས།། རང་བྱུང་རིག་པའི་འཁོར་མཐའ་མེད།། ལྷ་ནི་གྲུབ་ཕོ་བྲང་ཆེན་པོར་ནི།། སྤྱན་དྲངས་མ་ཡིན་ཡེ་སངས
286b7 རྒྱས།། རང་བྱུང་གསལ་བའི་སྔགས་ལྡན་པས།། ལྷ་ཡི་སྙིང་པོ་དབུལ་མི་དགོས།། བདེ་ཆེན་གསལ་བའི་དོན་ལྡན་པས།། ཡེ་ཤེས་གསལ་བའི་དཀྱིལ་འཁོར་མཉེས།། རང་བྱུང་སེམས་ཉིད་ཀུན་གྱི་ལྷ།། དུས་གསུམ་འདའ་མེད་ཐུགས་དམ་མོ།།




iiif viewer powered by OpenSeadragon

286a - 287a

Texts on this page

Gdg005.20 - byang chub kyi sems ye shes rdzogs pa'i rgyud