e-texts navigator
Collection
Volume
Page
Wylie

284b1 ལྟར་རིག་པ་འཆར།། བདེ་ཆེན་རིག་པའི་འཁོར་ལོར་བཤད།། བརྡ་དོན་སྒྲ་ཡིས་གང་ལ་རྒྱུད་དོན་རྟོགས།། རིག་པའི་གདེང་ལྡན་ཡེ་ཤེས་ཀློང་དུ་ཤན།། གསལ་བའི་ཡེ་ཤེས་དགོངས་པ་ལ།། ཐུགས་རྗེ་རིན་ཆེན་འོད་ལྟར་འཕྲོ།། ཚིག་གི་དོན་བྲལ་ཡེ་ཤེས
284b2 རྫོགས་པ་རེ།། བརྡའ་སྒོ་ལམ་གྱི་ཞེན་པ་གང་བཟློག་དང་།། བརྡང་དང་ཐ་སྙད་རིག་པའི་སྙིང་པོར་འཆར།། དང་བྱུང་རྩ་བ་མ་ལུས་གཅིག་ཏུ་རྟོགས།། སྦྱོར་ལྡན་ལམ་གྱི་རྟོག་པ་མ་ལུས་འདུས།། དངོས་གྲུབ་རང་བྱུང་དགོས་ཆེད་བསམ་མི་ཁབ།། སྟོན་པ་གས
284b3 བཞིན་ཡི་གེས་དོན་དུ་བཤད།། བརྡ་འཕྲལ་སྟོང་ཉིད་རང་ལ་བཟློག་པར་བྱ།། དེ་ཉིད་བཞིན་ཏེ་ཐམས་ཅད་ཀུན་མ་ཡིན།། རང་བྱུང་བདེ་ཆེན་འཁོར་ལོ་ལ།། ཡེ་ཤེས་དོན་དུ་རང་གསལ་ཞིང་།། འཛིན་མེད་རིག་པའི་མཁའ་ལ་གཞག། ཆུབ་མེད་པའི་ཡེ་ཤེས་བསྐྱེད།
284b4 རང་བཞིན་གསལ་བའི་འོད་ལ་ཞུགས།། སྐུ་གསུམ་གསལ་བའི་དོན་ལྡན་ན།། ལྷུན་རྫོགས་ཡེ་ཤེས་ཐིག་ལེར་བཤད།། ཐ་སྙད་སྨྲ་ཡི་རྣམ་པ་ཀུན།། ཡེ་ཤེས་འདྲེན་པའི་མཚོན་པའི་བརྡའ།། དོན་ལ་བརྗོད་བྲལ་ཡེ་ཤེས་རྫོགས།། རིག་པའི་བརྡའ་བློ་དོན
284b5 གསཔག།། མེད་སྤྱོང་ལྡན་ཆུ་མ་། བདི་ཅིན་དག་པ་ན་འ་། དི་ས་པ་སྨྲ་ད། གཟོང་པའི་འགས་པ།། གས་ཀློག་གི་རུང་བ་འདུ་།། ཞེས་གསུངས། ཀྱིསེ་མས་ཤེས་རྫོགས
284b6 པའི་རྒྱུད་ལས། གཏན་ལ་ཕབ་པའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་རིག་པའི་རྒྱལ་པོས་རང་རིག་པའི་ཕུན་སུམ་ཚོགས་པ་འདི་གསུངས་སོ།། ཡེ་ཤེས་ཁྱབ་གྲང་ལ་རིག་པའི་སྒྲ།། རང་བྱུང་རིག་པ་མ་འགགས་གསལ།། བརྗོད་མེད་སེམས་ཀྱི་དེ་ཁོ་ན།། རང
284b7 བྱུང་སྟོན་པའི་ཐུགས་རྗེའི་བདག། འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས།། རང་སེམས་སྟོན་པར་མ་ཤེས་ན།། རང་བྱུང་མཐོང་བར་ཡོངས་མི་འགྱུར།། དེས་ན་ཡེ་ཤེས་རྫོགས་པའི་དོན།། རང་རིག་བདེ་བས་ཤེས་པར་གྱིས།། རང་བྱུང་རྒྱལ་པོ་སྟོན་པའི་མཆོག།




iiif viewer powered by OpenSeadragon

284a - 285a

Texts on this page

Gdg005.20 - byang chub kyi sems ye shes rdzogs pa'i rgyud