e-texts navigator
Collection
Volume
Page
Wylie

283b1 རོལ་པ་བདེ་ལྡན་ཅུ་རླབས་བཞིན།། ཡེ་ཤེས་ཇི་བཞིན་མི་བསྐྱོད་པའོ།། ཡེ་ནས་ཡིན་ཕྱིར་བྱ་མི་དགོས།། ཡེ་ཤེས་གསལ་བའི་ཕྱག་ཆ་ཡིས།། མཚན་མ་ཡེ་ཤེས་འཁོར་ལོ་བསྐོར།། འཛིན་པའི་རང་བཞིན་ཀུན་དང་བྲལ།། རང་བྱང་སྙིང་པོ་གཡོ་མེད
283b2 ན།། དབང་ཀྱང་རྒྱལ་བའི་ཐུགས་དང་མཉམ།། ཏིང་འཛིན་རང་བཞག་མཁའ་དང་མཉམ།། མི་འགྱུར་ཡེ་ཤེས་མཁའ་ལྟར་ཁྱབ།། རྩོལ་བྲལ་རིག་པའི་ཡེ་ཤེས་ལ།། ཡེངས་པ་མེད་པར་རང་བཞིན་བཞད།། དབང་པོའི་ངོ་ལ་སྣང་བ་ལ།། མི་ཏོག།
283b3 རང་བཞིན་རིག་པར་གསལ།། ཡེ་ཤེས་ཀུན་བཟང་འཕྲོ་འདུ་མེད།། གང་ལ་མི་འཛིན་རང་བྱུང་སེམས།། མཚནཱ་མའི་སྤྱོད་པས་འགྱུར་བ་མེད།། བརྡ་སྒོར་འཇུག་པའི་གདམས་ངག་སྦྱིན།། ཏིང་འཛིན་འཁོར་ལོ་སྨྱོ་སླར་གཅོད།། ཡེ་ཤེས་འཁོར་ལོར་མཐའ
283b4 དབུས་མེད།། རང་རིག་འཁོར་ལོར་གཟུང་འཛིན་བྲལ།། ཤེས་རིག་ཡེ་ཤེས་ཉིད་དུ་འཆར།། འཛིན་པའི་རིམ་འཇུག་ཐེག་ཁྱད་ཀྱིས།། ངོས་བཟུང་རྟོགས་དང་དམིགས་འབྱེད་པ།། འདོད་འཛིན་མ་ལུས་དེ་དག་སྟོང་།། རང་རིག་སྟོང་ཉིད་རྣམ་བཅས་པས།།
283b5 བདེ་ཆེན་ལྷན་གྲུབ་རང་རིག་གསལ།། ཡེ་ཤེས་རིག་པའི་འཁོར་ལོ་ལ།། གང་ཡང་ཡིན་ནོ་རྣམ་ཀུན་བཅས།། ཡེ་ཤེས་རང་གསལ་མ་བསྒྲུབས་གསལ།། རྣམ་དག་རང་སྣང་ཡེ་ཤེས་ལ།། ཞེན་པའི་རྟོག་པ་བཟློག་ཏུ་མེད།། ལྷན་གྲུབ་འབྲས་བུ་བཙལ་མི
283b6 དགོས།། ཀུན་བཟང་འབར་བའི་ཡེ་ཤེས་ལ།། གཟུང་འཛིན་གཉེན་པོ་བརྟེན་མི་དགོས།། ཐོགས་མེད་རང་བྱང་ཕྱོགས་དང་བྲལ།། བྱང་ཆུབ་རང་སེམས་ཁོ་ན་པས།། ལམ་གྱིས་མ་བཅོས་ཡེ་སངས་རྒྱས།། གང་སྡང་རྣམ་པ་ཅིར་རྟོག་ཀྱང་།། རང་རིག་བདེ།
283b7 ཆེན་མངོན་སུམ་གསལ།། འདོད་པའི་སྐབས་བྲལ་གང་མཐོང་ཚོར།། རང་བཞག་ཡེ་ཤེས་རྫོགས་པ་མཐོང་།། བཙལ་མེད་རང་བྱུང་རྡོ་རྗེའི་བདག། སྐྱེ་མེད་རྡོ་རྗེ་མི་འགྱུར་འཆང་།། ལྷུན་གྲུབ་རིན་ཆེན་འབར་བའི་འོད།། དྲི་མེད་པདྨ་རང་བྱུང་བ་དག། རྩོལ་མེད




iiif viewer powered by OpenSeadragon

283a - 284a

Texts on this page

Gdg005.20 - byang chub kyi sems ye shes rdzogs pa'i rgyud