| | e-texts navigator
|
282b1 འབྱར་བའི་ཏིང་འཛིན་ངོ་མཚར་ཆེ།། རང་གསལ་རིག་པ་ཅིར་མི་དགོངས།། བདེ་གཤེགས་འཁོར་ལོའི་ངོ་བོ་ཉིད།། མི་འགྱུར་འཇོམས་པའི་རྡོ་རྗེ་འཆང་།། ཀུན་འབྱུང་རིན་ཆེན་ལྟ་བུའི་འོད།། སྐྱོན་མེད་པདྨའི་རང་བཞིན་དག། འདྲ་བྱེད་ལས
282b2 སྐྱེ་རྡོ་རྗེ་འཆང་།། འདུལ་མཛད་ཏིང་འཛིན་འབྲ་ཕྲག་ཡས།། བས་མ་བྲལ་ཏིང་འཛིན་འོད་གསལ་སེམས།། ཐབས་འཇུག་སྒྲུབ་པ་དང་ལུས་ཡིན།། རྩ་བ་མི་གཡོ་ཐིག་ལ་བྱང་ཆུབ་སེམས།། རང་བྱང་ཡངས་རྫོ་གས་སྟོན་པའི་ངོ་བོ་ཉིད།། རང་རག
282b3 རྫོགས་པ་མཆོག་གི་སྐུ།། སྣ་ཚོགས་འདྲེན་པ་མཆོག་གི་སྒྲ།། རང་བྱུང་སེམས་ལ་ངོ་བོ་གཅིག། རིག་པ་མཆོག་གི་བསྟན་པ་ནི།། བརྗོད་མེད་ཀུན་ལ་རང་བཞིན་སྟོན།། རྣམ་དག་རིན་ཆེན་ལྟ་བུར་གསུངས།། མཾ་གཡོ་ཐིག་ལེ་ཉིད་དུ་གསལ།། ཡི་གེའི་ཐ
282b4 ད་གན་དང་བྲལ།། མ་འགགས་དང་སྡང་དེན་བཤས། ཚོགས་སྤང་བའི་རང་བཞིན་དག། རང་ག་དེས་དོན་ཉིད་དུ་བསྟན།། རྣམ་བཤད་རང་བ་ན་རྙན་མཙོ། སྣང་རྣམ་པའི་རང་ཤིན་གྱིས།། དེ་འགྲོར་བས་མ་མ་བའི་རྣ་བསྐམ
282b5 བསྟན་པའི་ཡན་ལག་འབུམ་ཕྲག་ཡས།། རང་བྱུང་དག་པའི་ཤུགས་ཀྱིས་འབྱུང་།། འདོད་རྩོལ་བློ་ལ་དྲང་བ་དང་།། ཐུགས་ཀྱི་དགོངས་པ་ངེས་པའི་དོན།། གདུལ་བྱ་རབ་འབྲིང་དོན་དུ་བཤད།། ངེས་པའི་སྙིང་པོ་གསང་བ་ཉིད།། དྲང་བའི་དོན་མིན་རང་བྱུང
282b6 བཤད།། ཆོས་སྐུ་རང་བྱུང་སྟོན་པའི་མཆོག། དེ་འདུས་འཁོར་དང་བསྟན་པ་དག། ཉིད་ལས་མི་གཞན་རང་བྱུང་ཉིད།། རིག་པ་མཆོག་གི་སྦྱོར་བ་ལ།། སོ་སོ་མ་ཡིན་བརྗོད་བྱ་གཅིག། ཐ་སྙད་ལམ་གྱི་སྒོན་མ་གང་།། ཀུན་བཟང་རིག་པའི་གཏེར་དོན
282b7 བསྟན།། བརྗོད་པའི་དོན་མཚོན་དམན་པའི་སྐུ་ཡིས་སྟོན།། རང་བྱུང་རིག་པ་མཆོག་གི་སྐུ།། རང་བྱུང་མཆོག་གི་སྐུ་གསུམ་རྫོགས།། མ་བཅོས་རང་ཉུང་སྙིང་པོ་ལ།། འདོད་པའི་རྣམ་པ་གང་ཡང་མིན།། བསྒྲུབ་བྱ་མ་ལུས་ཀུན་གྱི་བདག། ཡེ་ཤེས
iiif viewer powered by OpenSeadragon
282a - 283a