| | e-texts navigator
|
281b1 ནོ།། འཛིན་པའི་རླུང་གིས་གཡོས་གྱུར་ཀྱང་།། རིག་པ་མང་བར་འགྱུར་བ་མེད།། རྒྱ་མཚོ་སྣང་བ་ཆེན་པོ་བཞིན།། ཕྱི་ནང་མི་མངའ་ཡེ་ཤེས་གསལ།། མཐའ་དབུས་མི་མངའ་ཐོགས་དང་ཐལ།། ཡེ་ཤེས་སེམས་ཉིད་ལྦ་བ་ལ།། རྩཝ་དང་རྩེན་གྱི་ཅཝོ་།
281b2 མེད།། རྡོ་རྗེ་ཉིད་འདྲ་འཇིག་པ་མེད།། ཉི་མ་རིན་ཆེན་འབར་བ་ལྟར།། རང་སྣང་རྣམ་པར་རྟོག་དང་བྲལ།། འཁོར་བ་ཉིད་ན་ཡེ་སངས་རྒྱས།། རང་སེམས་རིག་པ་གང་ཡང་རུང་།། བསམ་པ་དང་བྲལ་ཡེ་ཤེས་ཉིད།། ཆོས་དང་ཆོས་ཉིད་གང་ཡང་མིན།།
281b3 མཐའ་བྲལ་ཡེ་ཤེས་རྫོགས་པ་འདི།། རྟག་པ་མ་ཡིན་མི་རྟག་མིན།། ཤེས་པ་མི་འགག་འདོད་པ་མིན།། བྱ་བྱེད་མི་རྩོལ་རང་བཞིན་དག། དབུ་མ་ཆེན་པོ་དྲང་པོའི་སེམས།། ཕྱོགས་ཀྱི་ཡུལ་ལ་འཇུག་པ་མེད།། སེམས་ཉིད་ཡུལ་ལ་གང་འཇུག་ན།། འཛིན
281b4 པའི་ཕྱོགས་ཅན་འདོད་པ་ཉིད།། དབུ་མའི་སེམས་དང་མི་ལྡན་པ།། བག་ཆགས་འཛིན་པའི་སེམས་ཀྱིས་དཀྲུགས།། བསམ་མེད་རིག་པ་བརྗོད་མེད་འདི།། ཐ་རྒྱུད་མིང་ལ་མི་གནས་ཏེ།། གདུལ་བྱ་དམན་པའི་སེམས་དག་ལ།། ཐ་སྙད་སྒྲ་ཡི་འཁོར་ལོས
281b5 བསྟན།། སྣང་སྲིད་སྣང་བ་སྣ་ཚོགས་པ།། ཁྲུ་ག་སྣང་ཐུགས་ལྔས་མ་གཡོས་ཏེ།། དཱན་རྟོག་ཏིང་འཛིན་རིག་པའི་ཐུགས།། ནམ་མཁའ་ལྟ་བུར་མི་ཟད་པ།། བདེ་ཆེན་རིག་པ་སེམས་ཀྱི་རྒྱན།། རྣམ་པར་རྟོག་པའི་སྒྲོ་འདོགས་གསོད།། འད་གསལ་རེག་པའི
281b6 འཁོར་ལོ་ཡིནི།། ལུས་ཅན་རྣམས་ཀྱི་སྒྲ་རྣམས་ནི།། སྔགས་ཀྱི་གསུང་དུ་ཟགས་པ་ཡིན།། སྣང་སྟོང་གཉིས་མེད་རིག་པའི་གསུང་།། ཁ་དོག་དབྱིབས་སུ་གང་སྣང་བ།། སྐུ་མཆོག་རྒྱན་གྱི་འཁོར་ལོར་ཟབ།། རྡོ་རྗེ་ལྟ་བུར་དབྱེར་མེད་པ།། སེམས་ཀྱི་རང་བཞིན
281b7 ཀུན་ཏུ་བཟང་།། སྐུ་གསུང་རྫོགས་པའི་འདེབ་ཆེ།། བས་མ་མེད་རང་བཞིན་ཉིད་ཀྱིས་སྒོ།། རིམ་པ་མཆོག་ལྡན་ཀུན་ཏུ་བཟང་།། བཀའ་ཡི་འཁོར་ལོ་འབུམ་ཕྲག་ཡས།། ཏིང་འཛིན་མེ་ཏོག་རང་བཞིན་གསལ།། རང་རིག་རྡོ་འགྱུར་མེད་ལུང་།། ཡེ་ཤེས་རྫོགས་པའི
iiif viewer powered by OpenSeadragon
281a - 282a