e-texts navigator
Collection
Volume
Page
Wylie

281a1 མཁའ་འདྲ་ཝབའི་རྨོ།། ཡེ་ཤེས་ཡངས་པ་བརྡལ་བ་ཆེ།། ཁང་དོར་གཟིས་མེད་ཅོལ་བབྲལ།། བྱང་ཆུབ་སེམས་ཀྱི་ངལྦ་ཟག་བཅད།། ཏིང་འཛིན་ནབས་ཉམས་སུ་བླངས།། བྱང་ཆུབ་སེམས་ཀྱི་བལྟ་བ་ནི།། གང་སྐ་ཅི་ཡང
281a2 ཡིན་པས།། རང་བྱུང་ཡེ་ཤེས་མཚན་ཉིད་གསལ།། མི་བསམ་གྱི་ནར་གཞག་པའོ།། བསྣམ་གྱིས་མི་ཁྱབ་ཡེ་ཤེས་མཐོང་།། རང་བྱུང་རྫོགས་པའི་ལྟ་བ་ནི།། མཐའ་གསུམ་གྲལ་ལོ་ཡི་སངས་རྒྱས།། རྩོལ་བྲལ་དབུ་མཛང་པོའི་ལམ།། འཆིང་བྲལ་ལྟང་གཟ
281a3 གཏད་མེད།། རིན་ཆེན་འཁོར་ལོ་ཀུན་བཟང་འདིས།། རང་སེམས་གཉིས་མེད་རྟོགས་པར་གྱིས།། བཏུང་སྙོམས་བལྟ་བ་བླང་དོར་མེད།། བྱུང་ཆེན་མཁའ་ལ་ལྡིང་བ་བཞིན།། གློབསྒྲ་གཉིས་མེད་གཏང་བཞག་བྲལ།། རང་བཞིན་གནས་པས་རོ་ངོགས་བྲལ།། སྤྱོད་ལཱ་ལ
281a4 ལུས་སེམས་སུ་ཤེས།། སྣ་ཚོགས་འཁོར་བའི་རང་བཞིན་དང་།། ཡེ་ནས་རང་རིག་གཉིས་སུ་མེད།། ཉིད་ལས་གཞན་སེམས་གྲུབ་པ་མེད།། རིག་པ་ཅི་ཡང་མ་ཡིན་པས།། འདོད་པའི་བསམ་པ་ཀུན་དང་བྲལ།། ཤེས་པ་མཐའ་བྲལ་སྟོང་པ་ཉིད།། ཡེ་ཤེས་འོད
281a5 གསལ་རང་གནས་པས།། ཡིད་ལ་འཛིན་མེད་ཡེ་ཤེས་གསལ།། རོལ་བར་སྣང་ཡང་གྲུབ་པ་མེད།། སྒྱུ་མའི་ཡེ་ཤེས་རྩལ་དུ་འགྲོ།། མ་བཅོས་སྒྱུ་མ་ལྷུན་གྲུབ་ས།། འཛིན་པའི་སེམས་དང་ངོས་གཟུང་མེད།། ཡེ་ཤེས་རྒྱལ་པོ་རྣམ་པར་དག། འཛིན་པའི་སེམས་བྲལ
281a6 རིག་པར་གསལ།། སེམས་ཉིད་ནམ་མཁའ་ལྟ་བུ་ལ།། ནམ་མཁའ་ལྟ་བུར་བསམ་དུ་མེད།། ནམ་མཁའ་བསམ་དུ་མེད་པ་བཞིན།། ཡེ་ཤེས་བསམ་དུ་མེད་པ་ཡིན།། ཅིར་ཡང་མི་དགོངས་རང་བཞག་པ།། དུས་གསུམ་རྒྱལ་བའི་བལྟ་བ་ཡིན།། ལྷ་མེད་རང
281a7 བཞག་པལྟ་བ་ནི།། དུས་གསུམ་གང་ཡང་མ་ཡིན་ཏེ།། འགྱུར་མེད་དབྱིངས་ཀྱི་བལྟ་བ་ཡིན།། འདོད་པའི་བྱ་བ་གང་ཡང་མེན།། འདོད་པ་མེད་པའི་བྱ་བའང་མིན།། ངོ་བོ་ཉིད་ལ་ཡང་ས་དོག་མེད།། སེམས་ཉིད་དྲི་མ་ཀ་དག་ལ།། འགྱུར་མེད་རིན་ཆེན་གསོར་བ




iiif viewer powered by OpenSeadragon

280b - 281b

Texts on this page

Gdg005.20 - byang chub kyi sems ye shes rdzogs pa'i rgyud