| | e-texts navigator
|
280b1 སྡེཝུ།། རྡོལ་མེད་གནས་པས་མངོན་སངས་རྒྱས།། འགྲོ་བའི་རིགེ་པ་གང་དག་ལ།། བས་མཕྲུལ་ཉིད་དུ་འཇུག་པར་བྱ།། ཤེས་པ་རང་སྔགས་ཐལ་བྱུང་བ།། དུས་གསུམ་མི་ག་ཡོག་ནས་དྷར་ན།། ཆལ་བའི་ཡེ་ཤེས་གས་ལམ་ཐར་ཕྱིན།། ཞེས་གསུངས་སོ།། བྱང་ཆུབ
280b2 སེམས་ཡེ་ཤེས་རྫོགས་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། ། དེ་ནས་རིག་པའི་རྒྱལ་པོས། སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྣ་ཚོགས་འཁོར་བའི་རྟོག་པ་དང་།། རྫོགས་ཉིད་ཡེ་ཤེས་རང་བཞིན་གཅིག། རྫོགས་པའི་ཡེ་ཤེས
280b3 རྟོག་པ་ཉིད།། རྟོག་པ་གང་ཡིན་ཡེ་ཤེས་ཉིད།། ཐ་དད་ཡོད་པ་མ་ཡིན་ཏེ།། ཡེ་ཤེས་རྫོགས་པའི་རང་བཞིན་དེ།། ཀུན་སྤངས་ཀུན་གྱི་དངོས་གཞི་ཅན།། འཛིན་པ་དུ་མའི་རྟོག་པ་འདི།། བྱང་ཆུབ་སེམས་སུ་བརྗོད་པ་ཡིན།། བརྗོད་མེད་སེམས་ཀྱི་རང་འཞིན་ལ།། མ་བརྗོད
280b4 གོ་བར་མི་འགྱུར་བས།། བརྗོད་མེད་དོན་གྱིས་མཚོན་པར་བྱ།། ཀུན་བཟང་སེམས་ཉིད་རྣམ་པར་དག། མཚོན་བྱ་མཚོན་བྱེད་གང་ཡང་མིན།། བཙལ་མེད་རང་བཞག་ཉིད་ཀྱིས་མཚོན།། ཐ་མ་ལ་སྣང་བའི་ཤེས་པ་དག། བཀའ་ཡི་ཤེས་པས་དྲངས་བྱས་ཏེ།། གཏང་འཛིན་མེད་པའི་ངང་ལ
280b5 གཞག། ཡིད་ལ་མི་བྱེད་བྱ་བ་གཏང་།། བློ་ཡིས་མ་དཔྱད་རང་བཞིན་གསལ།། འཛིན་པའི་རྒྱུ་འབྲས་གང་ཡང་མིན།། འབྲས་བུ་ཉིད་ཀྱིས་འབྲས་བུ་འགྲུབ། རེ་འདོད་རྩོལ་བའི་མཐའ་དུ་འགྱུར།། འཛིན་མེད་རང་བཞིན་སྨན་ཆེན་གྱིས།། འཁོར་བའི་གཅོང་རྙིང་ཀུན་དང་བྲལ།།
280b6 རྣམ་རྟོག་ཡེ་ཤེས་འོད་གསལ་ཉིད།། རང་གསལ་ཡེ་ཤེས་ཡེ་ནས་དག། རིན་ཆེན་དག་པའི་གླིང་བཞིན་དུ།། སེམས་ཀྱི་ཡེ་ཤེས་ཡེ་ནས་དག། རིམ་མེད་སེམས་ཀྱི་རང་བཞིན་ལ།། བགྲོད་པའི་ལམ་གྱིས་ཐོབ་པ་མེད།། རྣམ་གྲོལ་འབྲས་བུ་རང་བྱུང་ཉིད།། བགྲོད་མེད
280b7 རྣམ་གྲོལ་རྫོགས་པའི་ལམ།། གདོད་ནས་རྩོལ་མེད་ལྷུན་གྱིས་གྲུབ།། ཡེ་ཤེས་ཉི་མའི་སྙིང་པོ་ཤར།། མ་ལུས་ཐིག་ལེ་ཆེན་པོ་ཉིད།། ག། དུང་འཛིན་གཉིས་མེད་མི་གཡོ་བ།། རྒྱུ་དང་འབྲས་བུར་རྟོག་འཛིན་ཅིང་།། མི་ཤེས་སྒྱུ་མའི་འཛིན་པས་བཅིངས།། སེམས་ཉིད
iiif viewer powered by OpenSeadragon
280a - 281a