e-texts navigator
Collection
Volume
Page
Wylie

27a1 མེད་པའི་ཉེས་དམིག་ནི།། འཁོར་བ་ངན་སོང་ལས་མི་གྲོལ།། ཉིད་འཛིན་ལུས་ཅན་ལུས་ཀྱི་མཆོག། ཏིང་འཛིན་འདི་ནི་མཆོག་ཏུ་བསྔགས།། མཆོད་པའི་བྱེ་བྲག་རྣམ་གཉིས་ཏེ།། ཟབ་པ་དོན་གྱི་མཆོད་པ་དང་།།
27a2 ཐུན་མོང་སྤྱི་བཤད་མཚན་ཉིད་ཆེ།། ཟབ་མོ་གཉིས་མེད་དང་གནས་པ།། རྒྱལ་བ་དང་གིས་མཉེས་པའི་ཕྱིར།། མཆོད་པ་ཞེས་ནི་བཤད་པ་ཡིན།། རྒྱ་ཆེན་དབྱེ་བ་དོན་བཅུ་སྟེ།། ངོ་བོ་ངེས་ཚིག་དབྱེ་བ་དང་།། དབུལ་བའི་ཐབས་དང་གང་ཟག་ལས།། རྫས
27a3 དང་ཡུལ་དང་དགོས་ཆེད་དང་།། མ་ཕུལ་ཉེས་དམིགས་བསྟན་པའོ།། དེ་ལ་མཆོད་པའི་ངོ་བོ་ནི།། འཕགས་པ་མཉེས་པར་བྱེད་པ་ཡི།། ལུས་ངག་ཡིད་གསུམ་རྫས་དང་བཅས།། དམིགས་པ་ལས་ཀྱི་བདག་ཉིད་དོ།། དེས་ཚིག་འཕགས་པ་མཉེས་བྱེད་ཕྱིར།།
27a4 མཆོད་པ་ཞེས་སུ་བཤད་པ་ཡིན།། དབྱེ་བ་རྣམ་པ་གསུམ་ཡིན་ནོ།། རྣམ་ལྔ་ཕྱིལ་དམ་རྫས་ནང་།། སྦྱོར་སྒྲོལ་གསང་བར་ཤེས་པར་བྱ།། རྒྱས་པར་དབྱེ་བ་བརྒྱ་ཤེས་བྱ།། དབུལ་ཐབས་མོས་པའི་ཚུལ་དང་ནི།། སྒྱུ་མ་ལྟ་བུའི་བློ་ཡིས་དབུལ།། དབུལ
27a5 པའི་རྟེན་གྱི་གང་ཟག་ནི།། དད་པ་གསུམ་ལྡན་ལྷག་སེམས་ཅན།། ལས་ཀྱི་ཚོགས་གསོག་སྒྲིབ་པ་སྐྱོང་།། དགེ་བ་ལས་ཀྱི་མངོན་འགྲོ་བའོ།། རྫས་ནི་ཡོན་ཆབ་སོགས་བདུན་དང་།། བདུད་རྩི་ཝ་ལ་སོགས་པ་དང། དྲང་སྲོང་ཆེ་དགུ་མཆོད་ཅིང་བརྗོད།། མཆོད
27a6 པའི་ཡུལ་ནི་འཇིག་རྟེན་དང་།། འཇིག་རྟེན་འདས་པའི་དཀོན་མཆོགསུམ།། མཆོད་པ་ཕུལ་བའི་དགོས་པ་དག། དངོས་གྲུབ་རྣམ་གཉིས་འབྱུང་བའོ།། མཆོད་པ་ལྔ་ནི་མ་ཕུལ་བའི།། ཉེས་དམིགས་འདོད་དོན་འགྲུབ་མི་འགྱུར།། མཆོད་འོས་བསྟོད་འོས་ཕྱག
27a7 གི་གནས།། དྲང་སྲོང་ཆེ་དགུས་མཆོད་ཅིང་བརྗོད།། འཕགས་པ་འཇམ་དཔལ་གྱི་བཤད་རྒྱུད་རིན་པོ་ཆེའི་ཕྲེང་བ་ལས། གསང་བཅུ་རྒྱུད་ཀཱི་ལུས་བསྟན་པའི་ལེའུ་སྟེ་བཞི་པའོ།། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ལག་ན་རྡོ་རྗེ




iiif viewer powered by OpenSeadragon

26b - 27b

Texts on this page

Gdg005.2 - 'phags pa 'jam dpal gyi bshad rgyud rin po che'i phreng ba