e-texts navigator
Collection
Volume
Page
Wylie

279a1 6\ུ0f7f། གསུང་གི་འཁོར་ལོའི་བདག། བྱ་མེད་ཡེ་ཤེས་རོལ་པའི་དྲ། དབྱེར་མེད་ནོ་མཆོག་གྱུར་ལ།། འདས་པའི་འཁོར་ཚོགས་མོས་པས་འདུད།། རྩོལ་ཐལ་ལོ་ཤེས་གསང་བའི་རྒྱུད།། ཆོས་ཉིད་གསང་བའི་ཚང་ན་གསུངས།། བདག
279a2 ཅག་འདུས་པའི་འཁོར་ཚོགས་ཀྱིས།། མཚན་གྱི་རྣམ་གྲངས་ཇི་ལྟར་གཟུང་།། ཞེས་གསོལ་པ་དང་། དེ་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་པ། གསང་རྒྱུད་ཐེག་པའི་སྙིང་པོ་འདི།། ཉོན་མོངས་ཞེན་པའི་འབྲེལ་ཐག་ཆོད།། ཆོས་རྣམ
279a3 སལ་བའི་ཡེ་ཤེས་སྒྲོན།། ཀུན་ཏུ་བཟང་པོའི་ཡེ་ཤེས་ཐུགས།། བདེ་ཆེན་མཛེས་པའི་ཡེ་ཤེས་རྒྱན།། གསལ་བའི་ཡེ་ཤེས་གསང་བའི་རྒྱུད།། འདི་ལ་མཐའ་དབུས་མེད་པས་ན།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད།། ཀུན་འདས་མཉམ་པ་ཆེན་པོ་ཡིས།།
279a4 གསང་བ་ཀུན་འདུས་རིག་པའི་གཏེར།། རང་བྱུང་འོད་གསལ་ཆེན་པོ་ལ།། ཞེན་པའི་བརྟགས་པ་གདོད་ནས་མེད།། མ་བཅོས་དང་སྣང་རྟོགས་པས་ན།། ཉོན་མོངས་ཞེན་པའི་འཕྲེང་ཐག་གཅོད།། ཐམས་ཅད་སེམས་སུ་འདུས་པས་ན།། སེམས་ཉིད་རང་གསལ་ཡེ་ཤེས
279a5 སྨོན། མི་འགྱུར་ལྷུན་གྲུབ་རང་བྱུང་འདི།། ཇི་ལྟར་གནས་ཀྱང་ཀུན་ཏུ་བཟང་།། ཞེན་ཅིང་འཁྲུལ་པ་ཅེར་གྱུར་ཀྱང་།། རང་གས་ལ་ཡེ་ཤེས་ཀུན་ཏུ་བཟང་།། རིག་པ་བསམ་བྲལ་རྒྱལ་བའི་ཐུགས།། ཕྱོགས་མེད་བཏང་སྙོམས་ཆེན་པོ་ལ།། རྩོལ་བའི་སྡུག་བསྔལ
279a6 བྲལ་བས་བདེ།། བདེ་ཆེན་མཚན་ཉིད་ཀུན་ལས་འདས།། ཀུན་གྱི་འབྱུང་གནས་ལྷུན་གྲུབ་ཆེ།། རངགས་ལ་ཡེ་ཤེས་དཀྱིལ་འཁོར་ནི།། སྐུ་དང་གསུང་ཐུགས་མཛེས་པའི་རྒྱན།། རང་གནས་ཡེ་ཤེས་བདེ་ཆེན་ཉིད།། རྣལ་འབྱོར་དགྱེས་པའི་རྒྱན་ཞེས་བྱ།། བསམ་མེད
279a7 ནམ་མཁའི་མཐའ་ལྟར་བྲལ།། བྱང་ཆུབ་སེམས་ལ་མཐའ་དབུས་མེད།། མི་འགྱུར་ནམ་མཁའ་རྟག་པ་ལྟར།། སེམས་ཉིད་ཡེ་གས་ལ་གཡུང་དྲུང་ངོ་།། ཐམས་ཅད་བྱང་ཆུབ་སེམས་སུ་འདུས།། ཐམས་ཅད་ཀུན་འདུས་ལྷན་གྱིས་རྫོགས།། སྣང་སྲིང་འཁོར་བའི་ངོ་བོ་ལ།




iiif viewer powered by OpenSeadragon

278b - 279b

Texts on this page

Gdg005.19 - ye shes gsang ba zhes bya ba'i rgyud