e-texts navigator
Collection
Volume
Page
Wylie

278a1 གཤེགས་པ་རྣམ་པར་དྲང་མང་དཀྱིས་སེམས་དཔའ་དདཔ་འདུད་ཅེས་པཀལས་ཏོ།། བྱང་ཆུ་བསམས་འདིན་བྱ་བདང་།། མསས་འདུས་བྱ་སྲིང་པ་མཆོག། ཐེ་པ་རྣ་པའ་བདྲུབས་པའི་དང་། མ་ས་དངག
278a2 འདས་ཡེ་ཤེས་དག་པའི་འོད།། ཕྱོགས་མཚམས་ཀུན་ཏུ་གསལ་བར་འཕྲོ།། ཡེ་ཤེས་མེ་ལོང་ཐམས་ཅད་གསལ།། མ་བཅོས་གཟུགས་བརྟན་སྣང་བས་ན།། ཡེ་ཤེས་མེ་ལོང་དག་ཏུ་བཤད།། རང་རིག་ཡེ་ཤེས་འོད་གསལ་ལ།། མཐོ་དམན་རློམ་སེམས་ཆེ་ཆུང་མེད།
278a3 བདག་གཞན་གཉིས་མེད་རང་རིག་ལ།། འཛིན་པ་ཀུན་བྲལ་འོད་གསལ་དག། དབྱེར་མེད་ནམ་མཁའ་ལྟ་བུར་ཁྱབ།། སྣང་སྲིད་བྱང་ཆུབ་སེམས་སུ་མཉམ།། མཉམ་པ་རང་གསལ་ཕྱོགས་བཅུར་བརྡལ།། འོད་གསལ་རིག་པ་མཉམ་པར་བཤད།། བཅོས་མེད་དབྱིངས
278a4 ཀྱི་རང་བཞིན་ལ།། འཛིན་ཏོག་ཞེན་པའི་ཆོས་མེད་པས།། མི་འགྱུར་ཡེ་ཤེས་རང་བྱུང་ལ།། བདེན་པར་མི་འཛིན་བརྫུན་པའང་མིན།། འཛིན་མེད་རིག་པ་གཉིས་བྲལ་ལ།། གང་ཡང་མི་སྣང་ཀུན་ཏུ་བཟང་།། ཆོས་ཉིད་སེམས་ལ་དངོས་མེད་གསལ།། སྟོང་པ་ཀུན་མཁྱེན
278a5 ཡེ་ཤེས་ཐུགས།། དངོས་མེད་ཀུན་ལྡན་སྟོང་ཆེན་པོ།། འཛིན་མེད་རིག་པ་འོད་གསལ་བས།། སྟོང་ཉིད་ཡེ་ཤེས་དག་ཏུ་བཤད།། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན།། གཉིས་མེད་རིག་པ་ཀ་དག་ལ།། ཡེ་ཤེས་རོལ་པ་མ་འདྲེས་གསལ།། ཀུན་བཟང་ཆོས་ཉིད་སྤྲོས
278a6 མེད་ལ།། རོལ་པའི་འཁོར་ལོ་བསམ་མི་ཁྱབ།། འདུ་ཞིང་འཕྲོ་བ་རྒྱ་མཚོ་བཞིན།། འབར་བའི་ཡེ་ཤེས་རྨང་པོ་ཆེ།། རང་གསལ་རིག་པ་ཀུན་མཁྱེན་ཐུགས།། མཉམ་ལ་མ་འདྲེས་ཀུན་ཏུ་བཟང་།། མ་འདེས་གསལ་བའི་ཡེ་ཤེས་སོ།། མི་འད་འཕྱག་རྒྱ་ཆེན་པོ་ལས
278a7 རང་བྱུང་མཛད་པ་ཅིར་ཡང་འགྱུར།། ལྷུན་གྲུབ་མཛད་པ་ཕྱོགས་རིས་མེད།། ཀུན་གྱི་སྙིང་པོ་རང་བྱུང་ལ།། ཐུགས་རྗེ་ལྷུན་གྲུབ་ཤར་འགྱུར་ནས།། གདུལ་བྱའི་བྱབ་ཀུན་མཛད་གསལ།། ངས་ན་བྱ་བ་ནན་ཏན་ནོ།། རང་གསལ་ཡེ་ནས་མ་བཅོས་པ།། དོན་དེ་ཤེས་པས་ཡེ




iiif viewer powered by OpenSeadragon

277b - 278b

Texts on this page

Gdg005.19 - ye shes gsang ba zhes bya ba'i rgyud