| | e-texts navigator
|
276b1 དཀའ་སྩལ་པ། རོག་པའི་སྒྲ་ལ་སེམས་གཏོང་ཅིག། རང་བྱང་ཡེ་ཤེས་སེམས་ཀྱིས།། བརྗོད་པའི་ཐ་སྙད་ཀུན་བྷལ་ཡང་།། དམན་པའི་བློ་ཡིས་རྟོགས་བྱའི་ཕྱིར།། རིག་པ་གསུང་གི་སྒོ་ནས་བསྟན།། མ་བཅོས་རང་སྣང་བླ་པའི་ས། སྦྱངས་པས་མ་ཡིན་པན
276b2 གྲུབ།། རང་བྱུང་རྣམ་དག་ཀུན་བཟངས།། དབྱེར་མེད་ཆེ་མཆོག་ཆོས་ཀྱི་སྐུ།། རྒྱ་དདང་མདོ་རྗེ་བླ་མེད་ས།། སུན་ན་འོད་དང་རྡོ་རྗེ་འཛིན།། མ་ཆགས་པདྨ་སྟུག་པོ་བཀོད།། ཚོགས་ཆེན་ཡི་གེ་འཁོར་ལོ་དང་།། ཀུན་ཏུ་དབྱེ་བ་མེད་པའི་ས།། ས་དྲག་སེམས་ལ་བཟངས
276b3 ད། བ་མརྫོགས་རྒྱུ་བའིས། ག་པར་བདུ་ན་པ་ན། ཨུ་མས་ས་། འདུས་ས་ངས་བརྩོན་པལ།། མསོར་བ་དུ་གད་ཡ་དང་། སེཾ་གས་སྤྱ་མ།། ད་ནརྒྱ་ར
276b4 ཐམས་ཅད་སེམས་ལས་བྱང་བའི་ཕྱིར།། རང་སྣང་བྱང་ཆུབ་སེམས་ཀྱིས།། འགྱུར་མེད་སེམས་ཀྱི་ངོ་བོ་ནི།། རྟོག་པ་མ་ཡིན་མི་རྟོག་མི་ནི།། གང་ལའང་གནས་པ་མ་ཡིན་པ།། གནས་མེད་འཛིན་བྲལ་རིག་པའི་གནས།། མ་སྤངས་ཀུན་བྲ་ལ་འོད་གསལ
276b5 གནས།། མི་གནས་གནས་པའི་ཆོས་ཉིདེ་ལ།། སྐལ་ལྡན་དང་པོ་འཇུག་པ་ན།། མཐར་ཕྱི་ནས་འཁྱད་པར་མེད།། དག་པ་ཐུགས་རྗེའི་རང་བཞིན་ཏེ།། རྟོགས་པའང་རང་བཞིན་སེམས་སུ་གཅིག། འཛིན་པའི་བློ་ཡིས་གཡོས་གྱུར་ཀྱང་།། རང་བྱུང་འོད་གསལ་འགྱུར་བ་མེད།། འགྱུར་མེད་དང
276b6 དང་བཞག་སྟེ།། མ་སྱད་སེམས་ཀྱི་གྱི་ནར་གནས།། དབང་པོ་ཡུལ་ལ་གང་སྣང་བ།། ཡེ་ཤེས་འོད་དུ་ཀུན་ལ་གསལ།། བཀྲག་གས་ལ་གཟུགས་ཀྱི་དཀྱིལ་འཁོར་ལ།། འོད་གསལ་རང་བྱུང་ངོ་མཚར་ཚེ།། བརྗོད་བྲལ་སྲ་ཡི་དཀྱིལ་འཁོར་ལ།། སྣང་བའི་ཡེ་ཤེས་ར
276b7 བཞིན་གསལ།། རང་བཞིན་སྣ་ཚོགས་དྲི་མེད་ལ།། ཡེ་ཤེས་གསལ་བར་རང་བྱུང་སེམས།། མུ~ཾ་ཥ་རོ་ཡི་དཀྱིལ་འཁོར་ལ།། ལྕེ་ཡི་ཡེ་ཤེས་ངོ་མཚར་ཆེ།། གསལ་བ་དག་བྱའི་རང་བཞིན་ལ།། ཤེས་རབ་ལུས་ཀྱི་རང་བཞིན་གནས།། ཀུན་འདུས་ཆོས་ཀྱི
iiif viewer powered by OpenSeadragon
276a - 277a