e-texts navigator
Collection
Volume
Page
Wylie

276a1 བཞིན་འོད་གསལ་རིག་པ་ལ།། མ་ལུས་དགོངས་པ་ཐམས་ཅད་འདས།། དུས་གསམ་སངས་རྒྱས་ཐམས་ཅད་ལ།། རང་བཞག་དགོངས་པ་གཅིག་ལས་མེད།། དང་བླང་སྟེ་འགྱུར་རྫས་སྟེ་ལ། རང་བཞག་དག་པ་མི་གདའན།
276a2 མས་ཉིད་གཅིག་ཕྲད་མ་ཚིག་སྟེ།། དུས་གསུམ་སངས་རྒྱས་ཐམས་ཅད་ལ།། དམ་ཚིག་འདི་ལས་ཡོངས་མི་མངའ།། རྣམ་དག་རང་བཞིན་འོད་གསལ་ལ།། ལུས་དང་ངག་གི་བྱ་ཅོལ་མེད།། ཏིང་འཛིན་སེམས་ཀྱིས་རིམ་བཙལ་མེད།། འདི་ནི་ཟློག་དང་བྲལ་བ
276a3 བྱིན་ལྷུན་གྲུབ་དམ་ཚིག་ཡིན།། ལྷན་གྲུབ་མཆོག་རྟོལ་ཐལ་ལ།། བཙལ་བལྡིང་མཚིག་ཡེནས་མེད།། སེལ་བྱེད་རི་ཆེན་གླིང་བཞིན་དུ།། དྷམ་དག་ཡེ་ཤེས་རང་བྱུང་ལ།། སྣརོན་གྱི་རང་བཞིན་དང་གིས་དག། གཞི་རྩ་མེད་པའི་སེམས་ཉིད་ལ།། པ
276a4 པའི་ཡོན་པ་རྣམ་པར་དག་སྦྱིན་གྲུབ་འ་གས་པ་དག་པལ།། ས་ཏོག་བཏག་པའི་མས་སུ་། སུ་སྟེས་སངས་རྒྱས་ཅི་འཅོད།། སངས་རྒྱས་སེམས་ཅན་ཅི་ལ་གདགས།། རྟོགས་པ་དངོས་ལ་གྲུབ་པན།། དོན་ཆེན་འཕྲུལ་གྱི་ལྡེ་མིག་གིས།། ཐ་མ་ལ་ཞེན་པ་ཅི་སྔར་བཟློག། སྤུན་གྲའང་མཆོག་བྱ
276a5 བཙལ་མེད།། ལྷན་གྲུབ་རིན་ཆེན་སྙིང་པོ་ལྟར།། གཅིག་རྫོགས་དང་གསལ་དག་པར་རྫོགས།། ཀུན་རྫོགས་རང་བྱུང་སེམས་སུ་རྫོགས།། ཐམས་ཅད་ལྡན་གྲུབ་རྣམ་པར་རྫོགས།། དེས་ན་ལྷུན་གྲུབ་རྫོགས་པ་ཆེ།། ཞེས་གསུངས་སོ།། ཡེ་ཤེས་གསང་བའི་རྒྱུད་ལས། རྫོགས
276a6 པ་ཆེན་པོའི་དམ་ཚིག་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་སེམས་དཔའ་རྡོ་རྗེས། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་འདི་སྐད་ཅེས་གསོལ་ཏོ།། བདག་ཅག་འདུས་པའི་འཁོར་ཚོགས་རྣམས།། ཐོག་མེད་དུས་ནས་རིན་ཆེན་བྲལ།། གསལ་མོད་ཁམ
276a7 གསུམ་འཁོར་བར་འཁྱམས།། དུས་འདིར་ཐུགས་རྗེའི་བྱིན་རླབས་ཀྱིས།། ཀུན་མཁྱེན་བྱེད་ཀྱི་འཁོར་དུ་འདུས།། རྟོགས་པ་སེམས་སུ་ཤེས་པའི་ས།། ཀུན་མ་ཁྱེན་ཁྱོད་ཀྱིས་ཀྱི་ཀྱང་དུ་གསོལ།། ཞེས་གསོལ་པ་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས




iiif viewer powered by OpenSeadragon

275b - 276b

Texts on this page

Gdg005.19 - ye shes gsang ba zhes bya ba'i rgyud