e-texts navigator
Collection
Volume
Page
Wylie

275b1 ཅེས་གསུངས་སོ།། ཡེ་ཤེས་གསང་བའི་རྒྱུད་ལས། བྱ་བ་དང་བྲལ་བའི་སྤྱོད་པ་བསྟན་པའི་ལེའུ་སྟེ་བདུན་པའོ།། ། དེ་ནས་སེམས་དཔའ་རྡོ་རྗེས། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་འདི་སྐད་ཅེས་གསོལ་ཏོ།། གསང་འཛིན་ཐུགས
275b2 རྗེའི་མངའ་བདག་ཁྱོད།། རོལ་པའི་འཁོར་ལོ་གསུང་གི་བ་དང་།། སྐུ་ཡི་འཁོར་ལོ་མཁའ་ལྟར་ཁྱབ།། སྙིང་པོའི་དོན་ལྡན་ཀུན་མཁྱེན་ཐུགས།། སྔགས་ཀྱི་བདག་ཉིད་སྐྱོབ་པ་ལ།། འདུས་པའི་འཁོར་ཚོགས་མོས་པ་ཡིས།། དམ་ཚིག་གསང་བའི་དོན
275b3 ཞུ་བ།། གསང་བའི་དམ་ཚིག་བཤད་དུ་གསོལ།། ཞེས་གསོལ་པ་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་པ།། ལྷུན་གྲུབ་ཡེ་ཤེས་གསང་བ་ལི།། བསྒྲུབ་ཅིང་བཅས་པའི་དམ་ཚིག་མེད།། རིག་པ་གསལ་བའི་དམ་ཚིག་ནི།། རིན
275b4 ཆེན་འབར་བ་སྒྲོལ་བའི་སྐུ།། རྡོ་རྗེ་ཉི་མ་ལྟ་བུར་གནས།། ལྷུན་གྲུབ་ཕྱོགས་རིས་མེད་མིན་པས།། སྡོམ་དང་ཚུལ་ཁྲིམས་ཕྱོགས་མཚམས་དང་།། གྱི་ནང་གསང་བའི་དམ་ཚིག་ཡིན།། མ་བཅོས་གསང་བའི་དམ་ཚིག་ནི།། མེད་པ་ཕུལ་པ་གཅིག་པུ་དང་།། ལྷུན
275b5 ཀྱིས་གྲུབ་པའི་དམ་ཚིག་གོ།། རང་རིག་གདོད་ནས་ལྷུན་གྲུབ་ལ།། གཟུང་འཛིན་མཚན་མའི་ཆོས་མེད་པས།། བརྗོད་དུ་མེད་པའི་སེམས་ཉིད་ཀྱིས།། བསྲུང་དུ་མེད་པས་དང་དུ་བསྡམ།། དེ་ཡང་བསྲུང་དུ་མེད་ན་བདེ།། གཉིས་མེད་སེམས་ཀྱི་དམ་ཚིག་ལ།།
275b6 འདའ་མེད་སྲོག་གི་གནས་གྱུར་ན།། མ་བཅོས་རྒྱལ་བའི་དམ་ཚིག་ཡིན།། ནམ་མཁའ་ལྟ་བུར་གསལ་ཁྱབ་ལ།། མཐའ་དང་དབུས་མེད་མ་བཅོས་པས།། འདི་ཡིན་འདི་མིན་ཕྱོགས་དང་བྲལ།། ཕྱོགས་བྲལ་སྐྱེས་བུ་ཆེན་པོ་དེས།། ཕྱོགས་གཅིག་སྤང་ཞིང་ཕྱོགས
275b7 གཅིག་བསྒྲུབ་ཏུ་མེད།། གཏད་མེད་འཛིན་བྲལ་ཆེན་པོ་ལ།། ཕྱོགས་མཚམས་ཏེ་ས་པའི་ཆོས་མ་ཡིན།། བདེ་གཤེགས་སེམས་ཅན་ཐམས་ཅད་ལ།། མ་བཅོས་སེམས་ཀྱི་རིག་པར་གཅིག། ཆུ་ཡིས་མ་བསྐྱེད་ཡེ་ནས་བྱུང་།། རྐྱེན་གྱིས་མ་སྦྱངས་གདོད་ནས་དག། རང




iiif viewer powered by OpenSeadragon

275a - 276a

Texts on this page

Gdg005.19 - ye shes gsang ba zhes bya ba'i rgyud