e-texts navigator
Collection
Volume
Page
Wylie

275a1 མད་ལ།། བཏགས་པའི་བདག་འཛིན་ལོག་པ་བཞིན།། འོད་གས་ལ་རིག་པ་སྙུན་བུང་ལ།། རྩོལ་བའི་སྤྱོད་པས་སེམས་མི་མཐོང་།། བསམ་གྱིས་མི་ཁྱབ་འོད་གསལ་སེམས།། འགྱུར་མེད་དབྱིངས་ལས་མ་གཡོས་ཀྱང་།། དང་སྣང་ལྡན་ཐུབ
275a2 མ་ལས།། སྐེལ་ལྡན་བསམ་པ་ཇི་བཞིན་དུ།། འགྲོ་འདུལ་ཐགས་ཀྱི་སྤྱོད་པ་མཛད།། རང་སེམས་པརྒྱ་བཞིན་ད་ག་ནས།། གཞན་དག་དེ་ལྟར་མོས་བཞིན་མཛད།། གཡེམ་པར་འདོད་ལ་གཡེས་པ་ཉིད།། རང་སེམས་གང་འཐང་སྒོ་དང་བསྟུན།
275a3 སྡང་མ་ནུར་སེམས་ང་རྒྱལ་ཉིད།། ཐབས་ཉིད་གསང་བའི་ལམ་དུ་བསྟན།། ཉན་ཐོས་ལ་སོགས་འཇུག་པའི་སྤྲོ།། གང་སོས་མཐུན་པའི་ཐབས་ཀྱིས་བསྟན།། གསང་དོན་རྟོགས་ན་གང་ཡང་རུང་།། རང་བྱུང་ཡེ་ཤེས་ཉག་གཟིག་ལ།། གསང་བའི
275a4 དཀྱིལ་འཁོར་གྲངས་མེད་པ།། མཐུན་འདུག་ཐབས་སུ་བསྟན་པ་ཡིན།། ཅི་ཡང་ཡིན་ནོ་གང་ཡང་རུང་།། སུ་ཞིག་ཐུགས་ཀྱི་དཀྱིལ་འཁོར་དུ།། གཏེར་དང་ལྡན་ནོ་ཁྱད་པར་ཆེ།། མ་བཀག་སེམས་རྟོགས་ཁྱད་པར་ལས།། སྒྲིབ་པར་གྱུར་པ་གང་ཞིག
275a5 ཡོད།། མ་བཀག་ཅེ་བདེར་རྟོགས་པར་སྤྱོད།། སྣབ་གསལ་རིག་པའི་གདེང་ལྡན་ན།། གདུལ་བྱ་མོས་པའི་ངོ་དག་ཏུ།། སྣ་ཚོགས་སྐྲོད་པ་རྒྱ་མཚོ་སྤྱོད།། གང་ཡང་མ་བཀག་ཀུན་ཏུ་བཟང་།། མཐར་ཕྱིན་དུས་གསུམ་སངས་རྒྱས་ཀྱིས།། དུག་ལྔ་རྟོགས་པའི་སྟོད
275a6 པ་ཡིས།། བྱ་བ་ཙལ་ཀུན་ཐལ་ལྷུན་གྱིས་གྲུབ།། དུས་གསུམ་སངས་རྒྱས་གང་ཡ་ལང་།། སྤྱོད་པ་དེ་ལས་ཡོངས་མི་མེད་དེ།། རྣམ་དག་སེམས་ཀྱི་སྤྱོད་རྟོགས་ན།། རྩོལ་བའི་སྤྱོད་པ་ལོག་པའི་ཆོས།། ལྷག་པའི་སྤྱོད་པ་འོད་གསལ་ཐུགས།། གང་ལ་སེམས་ཉི
275a7 ལྷག་སྤྱོད་ཀྱང་།། ལྷག་པའི་སྤྱོད་པ་མོས་པ་འཇུག། སྐལ་ལྡན་ལྷག་པའི་དོན་ཟིན་ཀྱང་།། ཆེ་ལ་དམིགས་པའི་ཆ་སྙོམས་པས།། གོང་འོག་དམིགས་པའི་སེམས་དང་བྲལ།། རང་བཞིན་ནམ་མཁའ་རྡོ་རྗེ་དང་།། མཐུན་འདུག་འགྲོ་འདུལ་ཐབས་ཀྱིས་སྤྱོད།།




iiif viewer powered by OpenSeadragon

274b - 275b

Texts on this page

Gdg005.19 - ye shes gsang ba zhes bya ba'i rgyud