e-texts navigator
Collection
Volume
Page
Wylie

272a1 རང་ལྡང་མ་བཅོས་དེ་བཞིན་ཉིད།། དངོས་ཉིད་མི་གཡོ་བདེ་མན་དང་།། བཙལ་ཞིང་གཡོ་བ་ནྡྷ་ཡང་མེད།། དབྱིངས་དང་ཡེ་ཤེས་ཐ་སྙད་དེ།། དེ་ཉིད་མ་ཡིན་ཞེན་པའི་གནས།། རྨད་བྱུང་གཞལ་ཡས་སྤོས་བྲལ་ན།།
272a2 འབར་བའི་ཡེ་ཤེས་བདེར་གཤེགས་གསུང་།། ཐུག་ཕྲད་ཉིད་དུ་བཞག་པ་སྟེ།། ཐ་མའི་ཞལ་ལས་ཤེས་པར་བྱ།། སྤྱོད་པའི་སྒོ་ནས་སྣ་ཚོགས་པ།། ལུང་ལྡན་བླ་མས་ཤེས་པར་བྱ།། འཕྲལ་ཚིག་སྒྲ་ཡིས་ཤེས་པ་དྲ་བ་རྟག། གང
272a3 གང་ཞིག་དེ་ཡིན་ན། དེ་ཉིད་ཡེ་ཤེས་རེག་པ་འཆར།། མ་ཡིན་དེ་ཉིད་ལོག་པ་ན།། རིག་དང་མི་མཐུན་རང་བཞིན་ལོག། རླུང་དང་མཁྲིས་པའི་ཆོས་བཞིན་ནོ།། སྤྱོད་པས་ཆགས་སྡང་བྱེ་བྲག་ཤེས།། དེ་ཡི་དྲག་ངལ་གཉུག
272a4 མའི་དོན།། དེ་ནས་རྡོ་རྗེ་སློབ་མ་ཡིས།། རིག་དོན་འདོད་པའི་གསོལ་བ་གདབ།། གནང་ན་དེ་ཉིད་རྒྱལ་ཚབ་བྱ།། རྩོལ་བྲལ་ཟིན་དང་མ་བཟུང་བར།། གསང་བའི་འཁོར་ལོ་ཡེ་ཤེས་གཏེར།། གསེང་སྔགས་གཏེར་གྱི་མཛོད་འཛིན་ཅིང་།། རིག་པའི
272a5 བསྟན་པ་སྒྲོགས་པའི་བདག། གཞི་ཆའི་རིག་པ་རང་གསལ་ཏེ།། དུས་གསུམ་བདེ་གཤེགས་སྙིང་པོ་ཡིན། གསུམ་ལྡན་འཁོར་བའི་རང་བཞིན་ནོ།། དུས་ཚོད་བླ་མའི་ཞལ་ལས་ཤེས།། གཞན་དུའང་དེ་བཞིན་ཁོ་ན་ཡིན།། ཤེས་རབ་གསང་བའི
272a6 དཀྱིལ་འཁོར་ནི།། ཀུ་རུམ་སྦས་པདག་ཡིན་ཀྱང་།། གསལ་བྱེད་སྒྲོན་མ་དེ་ཡིས་མཐོང་།། ཡེ་གསལ་ཆེན་པོ་རྫོགས་མེད་ལ།། ཕྱི་ནད་མེད་པར་ཀུན་ལ་གསལ།། འཁོར་བ་དགས་པའི་ཆུ་ཡིས་ནི།། དེ་ཉིད་ཕྲ་བའི་དོན་མི་མཐོང་།། བདེན་དོན
272a7 མཐོང་བས་བཅིངས་པ་གྲོལ།། རྫོགས་པ་ཡེ་ཤེས་དེ་ཉིད་གོ།། ཉམས་བླངས་གོམས་པས་མཐར་ཐུག་སྟེ།། ཇི་ལྟར་བས་མགས་འཐུང་བར་ནོ།། མ་ལུས་པར་ནི་ཟད་བུར་ན།། མི་ཏོག་ཡེ་ཤེས་གསལ་མཐར་ཕྱིན།། འགྱུར་མེད་སེམས་ཀྱི་གཡུང་དྲུང




iiif viewer powered by OpenSeadragon

271b - 272b

Texts on this page

Gdg005.19 - ye shes gsang ba zhes bya ba'i rgyud