| | e-texts navigator
|
26b1 མཚན་ཉིད་ནི།། རང་རང་དོན་ལས་མི་འདའ་དང་།། བདག་ཉིད་ཆེན་པོའི་རྟགས་སུ་སྟོན།། མཚན་མེད་ཕྱག་རྒྱའི་མཚན་ཉིད་ན།། ཅིར་ཡང་མ་གྲུབ་ངོ་བོ་ཉིད།། ཕྱག་རྒྱ་ཆེན་པོའི་མཚན་ཉིད་ནི།། ཡོངས་སུ་རྫོགས་པ་སྟོང་བདག་མེད།། དམ་ཚིག་ཐུགས་མཚན་མཚན
26b2 མའོ།། ཆོས་ནི་ཆོས་ཀྱི་མཚན་མའོ།། ལས་ནི་འགྲོ་དོན་མཚན་ཉིད་དོ།། དཔེ་ནི་རྣམ་པ་བཞིར་བཤད་དེ།། མཚོན་དཔེ་མེ་དང་ངུ་བའོ།། མཛད་པ་བློན་པོའི་ཕོ་ཉའོ།། བཅིང་གྲོལ་གར་མཁན་ཕུ་དུང་ངོ་།། རྒྱས་འདེབས་རྒྱལ་པོའི་བཀའ་རྟགས་སོ།། རྒྱ་ནི་བྱང
26b3 ཆུབ་སེམས་ཉིད་དང་།། རྡོ་རྗེ་ཐལ་མོ་ཉིད་ཡིན་ནོ།། ཕན་ཡོན་བདག་དང་གཞན་དོན་འགྲུབ།། ཕྱག་རྒྱ་མི་ལྡན་ཉེས་དམིགས་ནི།། བདག་གཞན་དོན་མིན་ངན་སོང་འཁྱམས།། ཕྱག་རྒྱ་བཞི་ཡི་དོན་སྟོན་པ།། ཕྱག་རྒྱ་འདི་ནི་བླ་ན་མེད།། ཏིང་འཛིན་བསྟན་པ་བཅུ
26b4 སྟེ།། རླུདང་བངས་རྟོག་དང་།། དབྱེ་པ་སྒོ་མ་རླབས་པ་སྒོམ་པ་།། མམ་ཐུན་ཕྱོགས་དང་སྦྱིན་བཅོས་ཟབས།། ང་རྫི་རྟགས་དང་ཡིན་ཡན་དང་།། ཉེས་དམིགས་བསྒྱུན་པ་ཤེས་པ་སྟེ།། རྒྱུནི་དང་བྱང་ཆུབ་སེམས།། ངས་པ་དམིགས
26b5 དོན་དག་ལ།། བསམ་པ་རྩེ་གཅིག་གནས་བྱའོ།། ངེས་ཚིག་དྲན་པས་ཟིན་ཕྱིར་རོ།། དབྱེ་བ་གཉིས་སུ་ཤེས་བྱ་སྟེ།། ཟབ་མོ་མཚན་མེད་ཏིང་འཛིན་དང་།། རྒྱ་ཆེན་མཚན་བཅས་ཏིང་འཛིན་ནོ།། སྒོམ་ཐབས་རིམ་དང་ཅིག་ཅར་རོ།། དཔེ་ནི་རྒྱ་མཚོ་རི་དབང་དང་།། འཇའ
26b6 ཚོན་རི་མོ་ལྟ་བུའོ།། མི་མཐུན་ཕྱོགས་ནི་བྱིང་རྒོད་གཉིས།། བཅོས་ཐབས་གསེད་དང་རྒོད་ཞི་ས།། དྲོད་ཚད་ཕྱི་ནང་གསང་བའོ།། རྟགས་ཀྱང་རྨི་ལམ་འབྱུང་བ་དང་།། དངོས་སུ་འབྱུང་བ་གཉིས་ཡིན་ཏེ།། ཆགས་སྡང་ཆུང་ཞིང་མངོན་ཤེས་འཆར།། དེ་སོགས་རྟགས་ནི།
26b7 རིམ་གྱིས་འབྱུང་།། ཏིང་འཛིན་བསྒོམས་པའི་ཕན་ཡོན་ནི།། མཚན་མ་ཅན་གྱིས་མཐོ་རིས་དང་།། ཚེ་ལ་དབང་བའི་རིག་འཛིན་དང་།། ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ།། ཟབ་མོ་མཚན་མེད་དགོངས་པ་ཡིས།། ཀུན་བཟང་དབྱར་མེ་ས་ཆེན་ནོན།། ཏིང་འཛིན
iiif viewer powered by OpenSeadragon
26a - 27a