e-texts navigator
Collection
Volume
Page
Wylie

268b1 ནི།། བསྐྱེད་པར་བཏན་པར་གྱུར་ནས་ནཱི།། རྫོགས་པའི་དོན་ལ་འཇུག་པར་བྷཱ།། མོས་པས་ནང་ཡང་དེ་བཞིན་ནོ།། གསང་མཛི་ངན་ལཛན་པཿ། བསྒོམ།། འབྲས་བུ་དབྱིངས་དང་ཡེ་ཤེས་ལ།། རང་འདོད་འབྲས་བུ་ཟབ་རྗོད་ཀྱང་།། མཐར་ཐུག་འབྲས་ཏྲ
268b2 མཱ་ཡིན།། ཨེ་མའོ་མེ་ནས་གསང་བའིས།། རྩོལ་བའི་ལམ་གྱིས་ཐོབ་མ་ཡིན།། འགྲོ་དྲུག་ཞེན་པའི་དྲང་ཟད་དང་།། མུ་སྟེགས་རང་བསམ་ལོག་པ་དང་།། བརྒྱད་ཀྱིས་རང་འདོད་དབྱིངས་ལ་བསྡུས།། ཕྱི་ནང་མེད་ལ་སྒོ་བསྡུ་བྱས།། ངོ་བོ་མང་ལ་དམིགས
268b3 འཛིན་བྱས།། རང་བྱུང་ཉིད་ལ་རྒྱུ་ཡིས་བཙལ།། མ་བཅོས་ཅི་ཡང་མ་ཡིན་ལ།། ཅིར་ཡང་འཛིན་པའི་བསམ་པས་བརྟགས།། བཟོད་མེད་འབྲས་བུ་ལྡན་གྲུབ་ལ།། ལམ་བརྒྱད་བགྲོད་པས་བགྲོད་མེད་བསླད།། དེས་ནམ་བཅོས་དངོས་པོ་ལ།། ལོག་རྫོག
268b4 ན་པའི་བློ་ཡིས་ནི།། ཇི་ལྟར་དེ་པྱད་ཀྱང་མ་ཡིན་པས།། མ་དཔྱད་རང་བཞིན་བཞག་པས་གོ།། དཔྱད་མེད་སེམས་ལ་དཔྱད་པས་ན།། མ་ཡིན་ལོག་སྟེ་གཞན་ལྟ་བཞིན།། ཞེས་གསུངས་སོ།། ཡེ་ཤེས་གསང་བའི་རྒྱུད་ལས། གང་ལ་གསང་བ་བསྟན་པའི
268b5 ལེའུ་སྟེ་བཞི་པའོ།། ། དེ་ནས་སེམས་དཔའ་རྡོ་རྗེས། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛོད་ལ། འདི་སྐད་ཅེས་གསོལ་ཏོ།། ཐུགས་རྗེའི་བདག་པོས་གང་གསུངས་པ།། འདུས་པའི་ཚོགས་ཀྱིས་རྟོགས་པནི།། སེམས་ཀྱི་རང་བཞིན་ལ་གནས
268b6 ལ།། ཞེན་དྲུག་ལོག་གསུམ་རྩོལ་བརྒྱད་ཀྱིས།། དེ་ཉིད་རང་བཞིན་གསང་བར་གསུངས།། གསུམ་ལ་ངོས་བཟུང་མེད་པས་གསང་།། ཐམས་ཅད་ཀུན་ལ་གསང་བས་ན།། དེ་ཉིད་གང་གིས་ཤེས་པར་འགྱུར།། གསུང་གི་མངའ་བདག་ཁྱོད་ཀྱིས་ཀྱང་།
268b7 གན་ལགས་བ་ཇི་ལྟར་རྟོགས།། ཞེས་གསོལ་བ་དང་། དེ་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛོད་ཀྱིས་བཀའ་སྩལ་པ།། ཐེག་ཆེན་སེམས་ཀྱི་རང་བཞིན་ནི།། སྒྲ་དང་ཐ་སྙད་ཀུན་འདས་ཀྱང་།། སྣོད་ལྡན་རྟོགས་པར་འདོད་པ་ཡིས།། གཏན




iiif viewer powered by OpenSeadragon

268a - 269a

Texts on this page

Gdg005.19 - ye shes gsang ba zhes bya ba'i rgyud