| | e-texts navigator
|
267a1 ཤཱ། སངས་རྒྱས།། མ་རྟོགས་ནས་གནས་ཐམས་ཅ་དང་། དེཉིད་ཚེ་དང་ལྡན་པ་ཡིན།། གཞིནས་འཟླས་པ་ཡིན་པ་དོན།། དམཆོག་ཡེ་ཤེས་ཐོགས་པ།། མཚན་མ་དངོས་པོ་ན་འི་ཚུལ།། མཐོང་བའི་དགོངས་ཅ་བ་དང་ང།
267a2 མཚན་མ་མེད་བསྒོམས་པས།། སྟོང་ཉིད་ལ་སོགས་ཡེ་ཤེས་འགྲུབ།། གཅིག་ལའང་སྒྲ་ལྔ་འབྱུང་བ་སྟེ།། ལྔ་དང་དེ་གཉིས་དེ་བཞིན་ནོ།། དེ་ཉིད་དགྲངས་མཐུར་སྤྲུལ་པ་སྟེ།། དེ་ཡི་རྒྱུད་ལའང་བྱིན་བརླབས་ཏེ།། དེ་ལས་སྤྲུལ་པ་བསམ་མི་ཁྱབ།། སྐལ་ལྡན་རྣམས
267a3 སེམས་ལ་སྣང་།། ཡོ་ག་རང་འདོད་བསམ་པ་ཡིས།། མཐར་ཐུག་འབྲས་བུ་ཡིན་འདོད་ཀྱང་།། དེ་ཡང་རྩོལ་བའི་འབྲས་བུ་ཡིན།། མ་བཅོས་ཇི་བཞིན་མ་རྟོགས་པས།། རང་སྣང་མ་བཅོས་ཡུལ་བྱས་ནས།། འཇུག་པའི་རིམ་པ་སྔ་མ་བཞིན།། བརྡལ
267a4 དོན་སྨད་པས་རྒྱལ་གྲལ་བཞག། བྱ་བའི་སྤྱོད་པ་དག་གིས་གནས།། བྱིན་བརླབས་བརྒྱད་པའི་ལྟ་བར་འདོད།། རྩོལ་བས་འཇུག་དང་གཉིས་ཀས་ལེན།། ཡོ་གའི་སྒྱིད་ལ་གང་གནས་པ།། འབྲས་བུ་ལམ་དུ་འཇུག་པ་སྟེ།། རང་འདོད་རྟོགས་པའི།
267a5 ས་ཡིན་ཡང་།། མ་བཅོས་ཐ་མའི་ས་མ་རྟོགས།། སྨིན་ཀྱང་འབྲས་བུ་མི་འབྱུང་སྟེ།། བིམ་པར་ཡི་འབྲས་བུ་བཞིན།། བསྐྱེད་པ་མ་ཧཱ་ཡོག་ནི།། གཞི་ནས་འབྲས་བུ་དེ་བཞིན་ཏེ།། ཐ་མ་ལ་གཙང་སྡེའི་ལམ་དུ་འདོད།། གཞི་ནས་འབྲས་བུ་ཡིན་པའི་དོན།། བསྐྱེད
267a6 པའི་རིམ་པ་བརྩམ་པ་དང་།། རྫོགས་པའི་རིམ་པས་འགྲུབ་པ་ཡིན།། ལ་མོ་གཉིས་གྲོལ་དང་ཐབས་གཉིས་ཏེ།། རེ་རེའང་བསྐྱེད་དང་རྫོགས་པ་སྟེ།། གྲོལ་བའི་ལམ་ལ་བཞི་ཡིན་ནོ།། ཐམས་ལ་མ་ནང་དང་གསང་བ་གཉིས།། གཉིས་བཞི་བརྒྱད་དུ་ལྡན་པ་སྟེ།
267a7 བཅུ་གཉིས་དག་ཏུ་ཤེས་པར་བྱ།། ལྟ་སྤྱོད་དཀྱིལ་འཁོར་དབང་དམ་དང་།། གྲུབ་པ་ཕྲིན་ལས་ལས་རིམ་ནི།། ཕྱེ་དང་ནང་དང་གསང་བ་སྟེ།། རང་བཞིན་གནས་དང་ཅོལ་བས་འཇུག། རྒྱུད་ཀྱི་དངོས་པོ་གསུམ་དུ་བསྟན།། དང་ངོ་བསྐྱེད་པའི་ཏིང་འཛིན་བསྒོམ།
iiif viewer powered by OpenSeadragon
266b - 267b