e-texts navigator
Collection
Volume
Page
Wylie

266b1 བཅཝས་མཐོང་ཡང་།། ཟག་པའི་མཚན་ཉིད་ཐུལ་མ་ཡིན།། སྡང་བ་བརྟགས་པ་ཞིན་མོང་ཀྱང་།། མ་བཅོས་སྤང་བ་བརྟགས་པ་མིན།། རོལ་པ་ཀུན་གང་སུ་མ་།། རྩོལ་མེད་སུམ་བདེ་མཆོག་ཟད།། ཇེ་འགྱུར་དང་བབན་པོ་ཡིན།། མ་བཙས་ཏ།
266b2 གྲུ་བ་ཆེན་པོ་ལ།། ངེས་པ་མེད་པས་གས་བར་བཤད།། གང་ཞིག་གཉིས་མཐོང་བ་ཡིས་ནི།། གཟུགས་མེད་ཕྲར་རབ་རྡུལ་དུ་མཐོང་།། སེམས་ལེ་རྡུལ་མེད་དུན་ཀྱི་ལོག། བདག་མེད་ངེས་བཟུང་ཆོས་ཉིད་གསང་།། གང་ཞིག་ཏུ་མཐུནན
266b3 ནས་ནི། ལྔ་ཆོས་ལ་གཅིག་མ་རྟོགས།། རྟེན་འབྲེལ་ཆོས་ལ་ངེས་བརྟགས་པས།། ཏུ་མེད་ཆོས་ཀྱི་དོན་མ་མཐོང་།། གཉིས་མེད་སྐུ་ཡི་ངོ་བོ་ལ།། བདེན་གཉིས་ལྟ་བར་རྣམ་གྱི་སྟེ།། དོན་དམ་སྟོང་པའི་དངོས་པོ་མེད།། རིག་བཞིའི
266b4 གཏན་ཚིགས་དག་གིས་ཚོལ།། དོན་གྱི་ངོ་བོ་རྟོགས་ནས་ནི།། ཞི་གནས་གང་ཟག་འདོད་པས་བསྒོམ།། ལྷག་མཐོང་འཕེལ་བའི་སྐབས་སུ་འདོད།། ལམ་གཉིས་སྦྱོར་བའི་རིམ་པ་སྟེ།། དོན་མཐོང་རིགས་པའི་རྟོགས་པ་སྤངས།། སྲ་བའི་རིམ་པ
266b5 བཅུ་ཡི་བར།། ཤིན་ཏུ་ཕྲ་བའི་སྒྲིབ་པ་ལ།། མཐར་ཐུགས་ཡི་སྦྱོར་བས་གཅོད།། རང་འདོད་རྟོགས་པའི་མཐར་ཐུག་ཡིན།། དེས་ན་བསྐྱེ་གནས་དྲང་བ་ལས།། བཟོད་མེད་བགྲོད་པས་ཡེ་ཤེས་གསང་།། བཙལ་མེད་བཅལ་བས་གྲུབ་པ་མེད།། བདག
266b6 དང་མི་མཐུན་ལོག་པ་བཞིན།། དེས་ན་འདུས་པའི་འཁོར་ཚོགས་ཁྱེད།། བཙལ་མེད་ཆོས་ལ་བཙལ་མི་བྱ།། བགྲོད་མེད་ཆོས་ལ་རང་བཞིན་ཞོང་།། རྒྱལ་རྟགས་ཕྱི་བས་མཐོང་བ་ནི།། མཐོ་འཇམ་དམའ་རྩུ་བ་རིགས་གསུམ་འདོད།། དག་པ་གསུམ་གྱི
266b7 ཞུགས་ནས།། དམ་ཚིག་ཡེ་ཤེས་རྗེ་འབངས་ལྷ།། རྟོགས་པས་རྡོ་རྗེ་འཛིན་པའི་ས།། ངེས་པར་མཐོང་ཡང་བཅོས་མའི་ས།། མ་ཐོབ་རང་གྱོན་མེ་ལོང་ཚུལ།། རིམ་མ་མཆིག་ཆར་རིམ་གྱིས་འཇུག། རྒྱལ་ཐབས་ཀྱི་ཐུགས་ཚངས་པའི་དབང་།། སྐད་ཅིག་ཉིད་ཀྱིས་རྫོགས




iiif viewer powered by OpenSeadragon

266a - 267a

Texts on this page

Gdg005.19 - ye shes gsang ba zhes bya ba'i rgyud