e-texts navigator
Collection
Volume
Page
Wylie

265b1 གཉིས་མེད་ལ།། བསྐུར་བའི་ཆ་གཉིས་མི་ཏོག་ཀྱང་།། བཛྲ་དོན་སྨད་པའི་མན་ངག་སྦྱིན།། ཐུགས་རྗེའི་རང་བཞིན་སྤྲུལ་བར་ཤར།། སྣ་ཚོགས་གདུལ་བྱའི་བསམ་པ་བཞིན།། ལམ་གཉིས་རྫོབ་ཀྱང་འགྲོ་དྲུག་འཁྱམས།། བསྟན་པ་སྡེ་སྣོ་དག་སུམ་དུ་བཞན་ཞི
265b2 ཁམས་སྟོང་གསུམ་འཇིག་རྟེན་ཁམས།། ཐུག་རྗེའི་གནས་ལ་ངེས་པ་མེད།། མ་བཅོས་རང་བྱུང་ཡེ་ཤེས་ནི།། རང་བྱུང་ཡེ་ཤེས་ལྔར་སྣང་ལ།། ཕྱིན་ཅི་ལོག་གི་བསམ་པ་ཡིས།། ཡེ་ཤེས་ཉིད་དུ་མ་རྟོགས་ཏེ།། ཡང་དག་ཞེན་པ་ལྔ་རུ་མཐོང་།། ན
265b3 པ་ལྔ་ཡི་འབྲས་བུ་ནི།། ཁམས་གསུམ་སེམས་ཅན་ཉིད་དུ་ཤར།། ངོ་བོ་སེམས་ལ་འགྱུར་བ་མེད།། འདོད་ཆགས་ལས་ཀྱི་རྣམ་སྨིན་གྱིས།། ལྷ་ཡི་གནས་སུ་སྐྱེས་ནས་ཀྱང་།། ལྟུང་བའི་སྡུག་བསྔལ་ཡང་དག་མྱོང་།། འདོད་ཆག་དངོས་ལ་མ་གྲུབ་སས།། འདོད་ན་པ་ཡེ་ཤེས་ཉིད་དུ་དག
265b4 བྱང་ཆུབ་སེམས་ལ་བསྐྱོད་པ་མེད།། ང་རྒྱལ་ལས་ཀྱི་རྣམ་སྨིན་གྱིས།། ལྷ་མིན་གནས་སུ་སྐྱེས་ནས་ཀྱང་།། འཐབ་རྩོད་སྡུག་བསྔལ་དངོས་མྱོང་ཡང་།། ང་རྒྱལ་ངོ་བོ་ཤེས་པ་ན།། ང་རྒྱལ་མ་སྤངས་གནས་སུ་དག།། དེ་བས་ང་རྒྱལ་མི་གནས་སྟོང་།། ཕྲག་དོག།
265b5 ལས་ཀྱི་རྣམ་སྨིན་གྱིས།། མི་ཡི་གནས་སུ་སྐྱེ་འགྱུར་ནས།། སྡུག་བསྔལ་སྣ་ཚོགས་མྱོང་འགྱུར་ཡང་།། ཕྲག་དོག་ཆོས་ཀྱི་དབྱིངས་ཡིན་པས།། ཕྲག་དོག་མ་སྤངས་གནས་སུ་དག། དེས་ན་བྱང་ཆུབ་དབྱིངས་མི་བསྐྱོད།། སེར་སྣའི་ལས་ཀྱི་རྣམ་སྦྱིན་གྱིས།། ཡི
265b6 གླ་བཀྲེས་སྐོམ་གནས་སུ་སྐྱེ།། བཀྲེས་སྐོམ་སྡུག་བསྔལ་མྱོང་འགྱུར་ཡང་།། སེར་སྣམ་བཅོས་བྱང་ཆུབ་སེམས།། སེམས་ཉིད་རང་བཞིན་སྟོང་པའི་ཕྱིར།། དེས་ན་དཔྱིང་ལ་འགྱུར་བ་མེད།། གཏི་མུག་ལས་ཀྱི་རྣམ་སྨིན་གྱིས།། དུད་འགྲོའི་གནས་སུ་བླུན་ལྕགས་མྱོང།། རིག་པ་ཕྲ་མོའི་ཆོས་ཤེས
265b7 ཀྱང་།། གཏི་མུག་མ་བེ་ཅོས་བྱང་ཆུབ་སེམས།། ཡུལ་ཡང་དེ་ལྟར་རིག་པས་ན།། གཏི་མུགས་སྤངས་གནས་སུ་དག། ཞེ་སྡང་ལས་ཀྱི་རྣམ་སྨིན་གྱིས།། དམྱལ་བའི་གནས་སུ་སྡུག་བསྔལ་མྱོང་།། ཞེ་སྡང་ཡེ་ཤེས་ཉིད་དུ་ཤེས།། ཐམས་ཅད་དེ་ལྟར་ཤེས




iiif viewer powered by OpenSeadragon

265a - 266a

Texts on this page

Gdg005.19 - ye shes gsang ba zhes bya ba'i rgyud