e-texts navigator
Collection
Volume
Page
Wylie

261b1 བྱུང་བས།། སྠཱ་འཐས་མེད་པ་ཡེ་ཤེས་ཡིན།། འཁྲུལ་རྒྱན་ཀྱད་ནས་དོན་ཏན་ལྡན།། གང་དུ་གནས་ཀྱང་མ་འབྲལ་ཅིང་།། རྟོགས་ནུས་འཐུལ་བ་ག་ལ་ཡོད།། རྩི་དང་དང་གི་འཁྲུལ་བ་རྣབས།། ཆེང་དུ་མ་བླངས་གྲོལ་བར་འགྱུར།། དགོས་བརྗོད།
261b2 ནམས་འབྱུང་བ་ཡི།། ཡིད་བཞིན་རིན་པོ་ཆེ་ཡི་རྒྱུད།། དེ་ཉིད་མཁས་ལས་འབྱུང་བ་ཡིན།། ལོག་པར་རྟོག་པ་ག་ལ་ཡིན།། ཞེས་གསུངས་སོ།། རི་ནོཔོ་ཆེ་འཁོར་ལོའི་རྒྱུད་ལས། ཉམས་སུ་བླངས་པའི་སྤོང་བའི་ལེའུ་སྟེ་བརྒྱད་པའོ།། རིན་པོ
261b3 འཁོར་ལོའི་རྒྱུད་རྫོགས་སོ།། །། གདམས་པའི་རྒྱ་དང་ལྡན་པར་གྱིས།། གདམས་པའི་རྒྱད་དང་མི་ལྡན་ན།། སྲིད་པ་ཡི་ནི་མཚོ་འཁྲུགས་སོ།། དེ་ཕྱིར་གདམས་པའི་ཆ་རྣམས་གཅེས།། ། རྒྱ་གར་སྐད་དུ། ཛྙཱ་ན་གུ་ཧྱ་ནཱ་མ་ཏནྟྲ། བོད་སྐད་དུ། ཡེ་ཤེས་གསང
261b4 བ་ཞེས་བྱ་བའི་རྒྱུང་། ཡེ་ཤེས་གསང་བ་ཟུགས་ཀྱི་རང་བཞིན་ལ་ལྷག་འཚལ་ལོ།། འདི་སྐང་བདག་གིས་བཤད་པའི་ངས་གཅིག་ན། ཡེ་ཤེས་གསུང་པའི་གནས་ཆོས་ཉིད་ཀྱི་མདའ། མཐའ་བུས་མེད་པའི་གཞལ་ལས་ཁདེན་བཅོམ་ལྡན་འདས་རྫོགས་པ་ཆེན་པོ
261b5 བཞུགས་ཏེ། རང་བཞིན་གྱི་འཁོར་དང་། རང་བཞིན་ལ་ལྟ་བའི་འཁོར་དང་།། རང་བཞིན་རྟོགས་པའི་འཁོར་འདི་ལྟ་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། སྣང་བ་ཐམས་ཅད་དང་། ཡོངས་སུ་རྣལ་འབྱོར་ཞེས་བྱ་བ་དང་། རྣལ་འབྱོར་པ་ཆེན་པོ
261b6 ཞེས་བྱ་བ་དང་། སེམས་དཔའི་རྣལ་འབྱོར་ཞེས་བྱ་བ་དང་། ཤིན་ཏུ་རྣལ་འབྱོར་ཞེས་བྱ་བ་དང་། འདས་པའི་སངས་རྒྱས་དང་།། མ་འོངས་པའི་སངས་རྒྱས་དང་།། ད་ལྟར་བྱུང་བའི་སངས་རྒྱས་རྣམས། འབྱེད་པ་མི་མངའ་བའི་ཐུགས་རྗེས་ཐབས་ཅིག་ཏུ་བཞུགས་སོ།། དེ་ནས་ལྷའི
261b7 དབང་པོས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་འདི་སྐད་ཅེས་བསྐུལ་ཏོ།། གསུང་གི་མངའ་བདག་ཐམས་ཅད་ཀྱིས།། རྩོལ་བའི་ཐེག་པ་མཐར་བཏོན་ནས།། རྩོལ་མེད་ཐེག་པ་མི་གསུང་བ།། ཐུགས་རྗེ་ཆེན་པོ་ཡལ་ལམ་ཅི།། སྐལ་ལྡན་གདུལ་བྱ་མཆིས་པས་ན།




iiif viewer powered by OpenSeadragon

261a - 262a

Texts on this page

Gdg005.18 - rin po che 'khor lo zhes bya ba'i rgyud
Gdg005.19 - ye shes gsang ba zhes bya ba'i rgyud