| | e-texts navigator
|
260b1 གཏན་བསྒོམ་པར་བྱ།། རང་ལ་གནས་པའི་ཡེ་ཤེས་ནི།། ཏོག་གེའི་སྤྱོད་ཡུལ་མ་ཡིན་ཏེ།། ཕྲ་ཞིང་ཞི་བ་ལ་བརྟག་ཏུ་མེད།། ཟུག་རྔུའི་ནད་རྣམས་འཇོམས་མཛད་པ།། ཏིང་འཛིན་སྨན་གྱི་རྒྱལ་པོ་ཡིན།། ཅེས་གསུངས་སོ།། རིན་པོ་ཆེའི་འཁོར
260b2 ལོའི་རྒྱུད་ལས། བསྒོམ་པ་བསྟན་པའི་ལེའུ་སྟེ་དྲུག་པའོ།། ། དེ་སྐད་གསོལ་པའི་ཚིག་རྗེས་ལ།། སེམས་དཔའ་རྡོ་རྗེས་ཡང་གསོལ་པ།། ལྟ་བསྒོམ་བཀོལ་བ་མེད་པ་ལ།། གོལ་སྒྲིབ་གདང་ཤ་ཇི་ལྟར་བཅད།། དེ་སྐད་གསོལ་པའི
260b3 ཚིག་གསན་ནས།། གསང་བདག་ཆེན་པོས་ལན་བཏབ་པ།། གང་རྟོགས་དུས་ནས་དོན་གསལ་ན།། གོལ་སྒྲིབ་འཁྲུལ་པའི་ཆོས་མེད་པས།། རིག་ནས་རྐྱེན་གྱིས་ག་ལ་ཚུགས།། དེ་སྐད་གསུངས་པའི་ཚིག་རྗེས་ལ།། སེམས་དཔའ་རྡོ
260b4 རྒྱས་ཡང་གསོལ་པ།། རྟོགས་ནགོལ་སྐྱེ་བ་མྱེད་མོར་ཀྱང་།། དེ་མཏོགས་ཀྱི་གང་ག་ལ།། གོལས་སླེབ་པ་སྐར་འབྱུང་།། དེ་སྐད་གསོལ་བའི་ཚིག་གསྟན་ནས།། གསང་བདག་ཆེན་པོས་ལན་པ་བྱུ་།། དེ་མརྫོགས་ཀྱི་གང་ཐུག་ལ།
260b5 གོ་ལས་སྒྲིབ་པ་གཉིས་སུ་བསྟན།། འགྲོ་སྒོ་ནོར་པའི་གོ་ལས་ཡིན།། གནས་དོན་མ་རྟོགས་སྒྲིབ་པ་ཡིན།། སྒོ་ལྷུར་འཁྱམས་པས་འཁྲུལ་པ་ཡིན།། གོང་མས་འོག་ཏུ་འགྲོ་སྒོ་ནོར།། གོ་ལས་ཞེས་སུངས་བཤད་དོ།། སྒྲིབ་གཉིས་བྱ་ཡི་མིག་བཞིན་དུ།
260b6 མ་བསྒྲིབས་དག་ཏུ་ངས་བཤད་དོ།། ལས་གོ་ལམས་བསྒྲིབས་ཐེག་པ་རྣམས།། རྫོགས་ཆེན་མན་ངག་ཚིག་གཅིག་གིས།། གོང་འོག་གོ་ལ་སྒྲིབ་གདར་ཤ་གཅད།། འཕྲང་གསུམ་ནང་དུ་སྲུངས་བཙུད་ལ།། རྫོང་གསུམ་ནང་དུ་གཙིགས་ལ་དབབ།
260b7 རྒྱལ་པོ་བཙོན་དུ་བཟུང་བ་དང་།། བློན་པོ་བསྦྱར་ལ་གདོན་པ་དང་།། དགྲ་ཡི་བུ་རྣམས་གསང་བ་དང་།། དགྲ་གཉེན་ཆོ་མ་ལ་ཕེབས་པ་ཡིན།། ལྡོག་བཅས་གཉིས་ཀྱིས་འཁྲུལ་བྱུང་ན།། འཁོར་འདས་གོལ་སྒྲིབ་གདར་ཤག་ཅད།། ཅེས་གསུངས་སོ།།
iiif viewer powered by OpenSeadragon
260a - 261a