| | e-texts navigator
|
25a1 གྲངསས།། དལ་ཟླའ་དུ་རྒྱན་ནོ།། གནས་དང་གྲོགས་དང་ང་མཁྱུད།། སྨྱནས་ནརྫོགས་པས་བན་པའོ།། སླབ་ཉན་གྱི་གང་དགན།། དད་བ་ཅན་དམ་ཛུབ་ལྡན་པ་དང་།། ཤེས་རབ་ཀྱང་མཚོ་བ་དང་།། དབང་ཐོ་མན་ངག་ཅན།
25a2 གྱིས་བརླ་བ།། དམིགས་པ་མཆོག་དང་ཐུན་མོང་ངོ་།། ཕན་ཡོན་འདོད་པའི་དོན་རྣམས་ཀུན།། ཇི་ལྟ་བར་ནི་འགྲུབ་པའོ།། མ་བསྒྲུབས་ཉེས་དམིགས་བསྟན་པ་ནི།། འཁོར་བའི་འཁོར་ལོར་འཁྱམས་པའོ།། ཕྲིན་ལས་ལ་ནི་རྣམ་གཉིས་ཏེ།། ཟབ་པ་དོན་གྱི་དྲིན་ལས་དང་།
25a3 རྒྱཆེ་དོན་གྱི་ཕྲིན་ལས་སོ།། ཟབ་པ་དོན་གྱི་ཕྲིན་ལས་ནི།། མཉམ་ཉིད་ཏོགས་པའི་དང་ནས་ནི།། ལས་བཞི་ཟིནཱ་ལས་ཀུན་ཀྱང་འགྲུབ།། རྒྱ་ཆེ་རྟགས་ཀྱི་ཕྲིན་ལས་ལ།། དོན་ནི་བཅུ་གཅིག་ཤེས་བྱ་སྟེ།། རྒྱུ་དང་ངོ་བོ་ངེས་ཚིག་དང་།། དབྱེ་བ་མིང་གི་རྣམ་གྲངས
25a4 དུས།། ཡུལ་དང་རྩོམ་པའི་གང་ཟག་ཚུལ།། ཕན་ཡོན་མ་བརྩམས་ཉེས་དམིགས་སོ།། ཆུ་ནི་ཚད་མེད་རྣམ་བཞི་པོ།། ཤེས་རབ་དང་ནི་བཅས་པའོ།། ངོ་བོ་བདག་ཉིད་ཆེན་པོ་ཡི།། ཐུགས་རྗེས་འགྲོ་བ་ཕན་འདོགས་པའོ།། ངེས་ཚིག་བྱ་བར་འོས་པའོ།། མཛད
25a5 སྤྱོད་བྱ་ཕྱིར་ཕྲིན་ལས་སོ།། དབྱེ་བ་བཞི་ལ་སོགས་པ་ཡིས།། ཕྲིན་ལས་དང་ནི་མཛད་སྤྱོད་དང་།། བྱ་བ་ཞེས་བྱ་རྣམ་གྲངས་སོ།། དུས་ནི་འདུལ་བ་ལ་སོགས་པ།། སྐབས་ལ་བབ་པའི་དུས་ཉིད་དོ།། ཕྲིན་ལས་བརྩམ་ཡུལ་བསྟན་པ་ནི།། སྤྱིར་ནི་སེམས་ཅན་ཐམས་ཅད
25a6 ལོ།། ཁྱད་པར་གནོད་སྡིག་དབུ་ལ་ཕོངས་དང་།། ལོག་ལྷ་ཅན་དང་དྲེགས་པ་ཅན།། ནད་དང་གདོན་གྱིས་ཉེན་པོའོ།། བསྙེན་པ་རྫོགས་ཤིང་ནུས་པར་ལྡན།། མོས་པའི་གང་ཟག་ཡིན་པར་གསུངས།། ཕྲིན་ལས་བརྩམ་ཚུལ་རྣམ་གཉིས་ཏེ།། ནད་དང་ཕྱི་རུ་ཤེས་པར་བྱའོ།།
25a7 ནང་ནི་ཤེས་རབ་ཏིང་འཛིན་དེང་།། བཟླས་པ་དག་ལ་བརྟེན་པའོ།། ཕྱི་ནི་སྦྱིན་བསྲེག་ཕུར་བུ་དང་།། ཐུན་དང་གཏོར་མ་དཀྱིལ་འཁོར་དང་།། མནན་གཏད་སྦྱོར་ལ་སོགས་པ་བསྟན།། ཕྲིན་ལས་བརྩམ་པའི་ཕན་ཡོན་ནི།། བདག་གཞན་དོན་ནི་འགྲུབ་པའོ།། ལས་མ
iiif viewer powered by OpenSeadragon
24b - 25b